དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་དེ་བས་ཡངས་པའི་མདུན་ལམ་ཧུར་ཐག་གཏོད་དགོས》

    (གནད་བསྡུས་ངོ་སྤྲོད)

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-08-01

    《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་དེ་བས་ཡངས་པའི་མདུན་ལམ་ཧུར་ཐག་གཏོད་དགོས》ཞེས་པ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་བློ་མཐུན་ཏེང་ཞའོ་ཕིང་སྐུ་འཁྲུངས་ནས་ལོ་ངོ་110འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུར་གནང་བའི་གསུང་བཤད་ཀྱི་དུམ་བུ་ཞིག་རེད། གསུང་བཤད་ནང་དད་སེམས་བརྟན་དུ་གཏོང་བ་དང་། མི་དམངས་ལ་དགའ་ཞེན། དངོས་ཐོག་བདེན་འཚོལ། གསར་གཏོད་གསར་འབྱེད། འཐབ་ཇུས་ཀྱི་བསམ་གཞིག ཟོལ་མེད་དང་སྒེར་སེམས་མེད་པ་སོགས་ཀྱི་ཐད་ནས་བློ་མཐུན་ཏེང་ཞའོ་ཕིང་གི་བླ་ན་མེད་པའི་ཉམས་འགྱུར་ལ་ཚད་མཐོའི་གདེང་འཇོག་གནང་ཡོད། རྩོམ་ཡིག་ནང་བསྟན་དོན། བློ་མཐུན་ཏེང་ཞའོ་ཕིང་གིས་ང་ཚོར་བཞག་གནང་བའི་བསམ་བློ་དང་ཆབ་སྲིད་ཀྱི་ཤུལ་བཞག་གལ་ཆེ་ཤོས་ནི་ཁོང་གིས་ཏང་དང་མི་དམངས་ཀྱི་སྣེ་ཁྲིད་ནས་གསར་གཏོད་གནང་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་ཁོང་གིས་གསར་གཏོད་གནང་བའི་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་རེད། འདིའི་ནང་ནན་བཤད་བྱས་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་གོའི་རྒྱལ་བབ་དང་འཚམ་པ་དང་། ཀྲུང་གོའི་ཁྱད་ཆོས་དང་མཐུན་པ། དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་མཐུན་པ་བཅས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་ཞིག་ཡིན་པར་བརྟེན་ནས་གྲུབ་འབྲས་ཐོབ་ཡོད་ལ་མུ་མཐུད་གྲུབ་འབྲས་ཐོབ་ངེས་ཀྱང་རེད།

    (ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། 2023ལོའི་ཟླ་4ཚེས་5ཉིན)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།