དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འཕྱོངས་རྒྱས་རྫོང་གི་50MWའགན་ལེན་རང་བཞིན་གྱི་དྲ་སྦྲེལ་འོད་ཤུགས་གློག་གཏོང་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-01

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གི་50MWའགན་ལེན་རང་བཞིན་གྱི་དྲ་སྦྲེལ་འོད་ཤུགས་གློག་གཏོང་རྣམ་གྲངས་རྫོང་དེའི་ལྷ་ཡུལ་ཤང་སྦས་སྣ་གྲོང་ཚོར་དངོས་སུ་སྐྲུན་འགོ་ཚུགས་པ་རེད། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་2.82བཏང་བ་དང་སྤྱིའི་འཆར་འགོད་ཀྱི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་50MW(AC)ཟིན་པ་དེ་ཧྭ་ནེང་ཡར་ཀླུང་གཙང་པོ་ཀུང་སིའི་ནུས་རྒྱུ་གསར་པའི་ཡན་ལག་ཀུང་སིས་མ་དངུལ་བཏང་ནས་བསྐྲུན་པ་ཞིག་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་བསྐྲུན་ནས་འཁོར་རྒྱུག་བྱེད་འགོ་ཚུགས་རྗེས། སྔོན་དཔག་བྱས་ན་ལོར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1ལས་བརྒལ་རྒྱུ་ཡིན་པ་དེས་འཕྱོངས་རྒྱས་རྫོང་གིས་ནུས་རྒྱུའི་གྲུབ་ཆ་ཕྱོགས་སྒྱུར་དང་རིམ་སྤོར་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། དྭངས་གཙང་ནུས་རྒྱུ་གཙོ་བོར་བྱེད་པའི་གློག་ཤུགས་མ་ལག་གསར་པ་བཙུགས་ནས། བདེ་འཇགས་དང་ལས་ཕྱོད་ཆེ་བའི་དེང་རབས་ནུས་རྒྱུའི་མ་ལག་གཏོད་རྒྱུར་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།