དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལས་གཏོད་ཀྱི་ས་བོན་ལ་ལས་ཞུགས་ཀྱི་འབྲས་བཟང་སྨིན།

    —— ན་གཞོན་ལས་གཏོད་པ་སྤེན་པ་བཀྲ་ཤིས་ཀྱི་ལས་གཏོད་གཏམ་རྒྱུད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བསོད་ནམས་ཆོས་སྒྲོན། ཟླ་བ་ཚེ་རིང་། དཀོན་མཆོག་སྒྲོལ་མ།   |     སྤེལ་དུས།  2023-08-01

    འདི་ནི་ལྷོ་ཁ་གཞོན་གཏོད་བརྡ་ཁྱབ་ཡིག་དཔར་ཚད་ཡོད་ཀུང་སི་འཛུགས་མཁན་སྤེན་པ་བཀྲ་ཤིས་ཡིན་པ།

    “ཆེ་རུང་ཆུང་རུང་ཕྲག་གི་འགན་ལྟར་བཞིན། ཡིན་རུང་མིན་རུང་རང་གིས་རང་ཉིད་རྩད། ཆུང་བའི་ལས་རྣམས་ཆེ་བའི་གཞི་ཡིན་པས། ལེགས་པར་བཤེར་ཞིང་ལྷག་ཏུ་ནན་པར་གྱིས”ཞེས་པའི་ཡིག་གཟུགས་བྲིས་མ་ཞིག་ན་གཞོན་ལས་གཏོད་པ་སྤེན་པ་བཀྲ་ཤིས་ཀྱི་ཀུང་སིའི་གྱང་ལྡེབས་སུ་གསལ་ལྷམ་མེར་བཀལ་ཡོད་ཅིང་། ཁོང་གི་འཆར་གཞི་ལྡན་ལ་གྲ་སྒྲིག་ཡོད་པའི་ལས་གཏོད་ཀྱི་ལམ་བུ་ཡང་འདི་ནས་འགོ་བརྩམས།

    འཆར་གཞི་བཀོད་ནས་གྲ་སྒྲིག་ཨང་བསར་བྱས།

    ལོ་ཤས་རིང་། རྒྱལ་ཁབ་དང་རང་ལྗོངས་ནས་སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་ཐད་སྲིད་ཇུས་རབ་དང་རིམ་པ་བཏོན་པ་དང་སྦྲགས། ལས་གཏོད་པར་མ་དངུལ་གྱི་རོགས་སྐྱོར་ཡང་གང་མང་བྱས་པས། སློབ་ཐོན་སློབ་མ་མང་པོས་གཞུང་ཞབས་པའི་ཡིག་རྒྱུགས་ཕུད། རང་གིས་བསམ་བློར་འགྱུར་བ་བཏང་སྟེ་ལས་གཏོད་ཀྱི་གདམ་ག་བྱས་ཏེ།རང་གི་ཆེད་ལས་ཀྱི་ཤེས་བྱ་དང་ཁྲོམ་རའི་གནས་ཚུལ་ལ་གཞིགས་ནས་ལས་གཏོད་ལས་ཞུགས་ཐུབ་པར་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད།

    ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ནས་ཡིན་པའི་ན་གཞོན་ལས་གཏོད་པ་སྤེན་པ་བཀྲ་ཤིས་ཀྱང་ལས་གཏོད་པ་དེ་དག་གི་གྲས་ཤིག་རེད། 2014ལོར། ཝུའུ་ཧན་རང་བྱུང་བཟོ་སྐྲུན་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས། ལོ་དེར་སྤེན་པ་བཀྲ་ཤིས་ལྷུན་རྩེ་རྫོང་གསང་སྔགས་ཆོས་གླིང་ཤང་སྲིད་གཞུང་དུ་ལས་ཞུགས་ཐུབ་པ་དང་། 2015ལོར། ལྷུན་རྩེ་རྫོང་ཨུད་རྩ་འཛུགས་པུའུ་རུ་ལས་སྒྱུར་བྱས། འོན་ཀྱང་སྤེན་པ་བཀྲ་ཤིས་ནི་མིག་མདུན་གྱི་བརྟན་ཆགས་ཀྱི་འཚོ་བ་ཁོ་ན་སྲུང་ནས་སྡོད་མཁན་ཞིག་མིན་པས། ཁོང་གིས་དེ་འཕྲལ་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཕེལ་རྒྱས་ལ་བསྟུན་ཏེ། བསམ་བློར་འགྱུར་ལྡོག་བཏང་ནས། ལོ་གཉིས་རིང་ལས་ཀའི་ཉམས་མྱོང་དང་སྤྱི་ཚོགས་ཀྱི་འགྲོ་ལུགས་ཤེས་རྟོགས་བྱུང་རྗེས་གཞུང་ཞབས་པའི་ལས་གནས་ནས་དགོངས་པ་ཞུས་ཏེ་རང་ཉིད་ཀྱི་དགའ་ཕྱོགས་དང་མཐུན་ཞིང་། གདེང་ཚོད་ཡོད་པའི་ལས་གཏོད་ཀྱི་ལམ་བུར་ཞུགས།

    ལས་གཏོད་ལམ་བུ་འདི་བདམས་དགོས་དོན་ཅི་ཡིན་ཐད་ལ། སྤེན་པ་བཀྲ་ཤིས་ཀྱིས་གསར་འགོད་པར། རང་ཉིད་སློབ་ཆེན་སྐབས་ཇུས་འགོད་དང་། དྲ་ཚིགས་གསར་བཟོ། རྩིས་འཁོར་སོགས་ཀྱི་ལག་རྩལ་ལ་དགའ་ཞེན་ཆེན་པོ་ཡོད་ཅིང་། ལོ་བཞིའི་རིང་དེ་དག་ལ་སྦྱངས་བརྩོན་བྱས་པ་ཡིན། མ་ཟད། སློབ་ཆེན་སྐབས་གློག་རྡུལ་དཔེ་དེབ་ཀྱི་དྲ་ཚིགས་གསར་འཛུགས་དང་། བོད་ཡིག་གི་ཡིག་གཟུགས་མཉེན་ཆས་སོགས་གསར་གཏོད་བྱས་པ་ཡིན། གསར་གཏོད་བྱེད་རིང་དཀའ་ངལ་མང་པོ་ཕྲད་ཀྱང་། དེའི་སྐབས་ཀྱི་ཉམས་མྱོང་གིས་ད་ཆ་རང་ཉིད་ཀྱི་ལས་གཏོད་ལམ་བུར་རྨང་གཞི་བརྟན་པོ་ཞིག་བཏིང་ཐུབ་བྱུང་ཞེས་བརྗོད།

    ཁོང་གིས། བྱ་བ་གང་བརྩམས་ཀྱང་འཆར་གཞི་དང་གྲ་སྒྲིག་ཡོད་དགོས་ཤིང་། དེ་བས་རང་ཉིད་ཀྱིས་བདམས་པའི་ལས་གཏོད་ཀྱི་ལམ་བུ་ནི་དཀའ་ངལ་དང་འགྲན་རྩོད་ཀྱིས་ཁེངས་པ་ཞིག་ཡིན་པས། ལམ་དུ་མ་ཆས་གོང་ནས་རྒྱགས་ཕྱེ་གང་མང་གྲ་སྒྲིག་བྱེད་དགོས། རང་ཉིད་ཀྱི་ངོས་ནས་བརྗོད་ན། སློབ་ཆེན་སྐབས་ཀྱི་ལག་རྩལ་སློབ་སྦྱོང་དང་ལོ་གཉིས་རིང་གི་ལས་ཀའི་ཉམས་མྱོང་ནི་ངའི་ལས་གཏོད་ཀྱི་རྒྱགས་ཕྱེ་ཡིན་ཞེས་བརྗོད།

    འདི་ནི་ལྷོ་ཁ་གཞོན་གཏོད་བརྡ་ཁྱབ་ཡིག་དཔར་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཀོང་ཀྲོའུ་རྒྱལ་སྤྱིའི་མཚོན་རྟགས་དཔེ་རིས་ཀྱི་འགྲེམས་སྟོན་ལ་ཞུགས་པ།

    ལས་ཞུགས་སྣེ་ཁྲིད་གཞན་ཕན་བགྱི་བར་བརྩོན།

    2016ལོར། སྤེན་པ་བཀྲ་ཤིས་ཀྱིས་དངོས་སུ་ལས་གཏོད་བྱེད་འགོ་བཙུགས་ཤིང་། གྱང་ལྡེབས་སུ་བཀལ་བའི་གདམས་ངག་ཤོ་ལོ་ཀ་དེའི་ནང་དོན་ལྟར། སྔོན་ལ་མ་རྩ་ཕོན་ཆུང་བཏང་ནས་ལས་གཏོད་ཀྱི་འགོ་བཙུགས་པ་དང་། རིམ་བཞིན་གཞི་ཁྱོན་རྒྱ་ཆེར་བཏང་སྟེ་སྔ་རྗེས་སུ་གཞོན་གཏོད་ཤེས་རིག་བདག་དབང་ཚད་ཡོད་ཀུང་སི་དང་ལྷོ་ཁ་གཞོན་གཏོད་བརྡ་ཁྱབ་ཡིག་དཔར་ཚད་ཡོད་ཀུང་སི་བཙུགས།

    སྤེན་པ་བཀྲ་ཤིས་ཀྱིས་གསར་འགོད་པར། བརྡ་ཁྱབ་ཡིག་དཔར་ཚད་ཡོད་ཀུང་སི་བཙུགས་ནས་ད་བར་ལོ་ལྔ་སོང་བ་དང་། ལས་གཉེར་གཙོ་བོ་བརྡ་ཁྱབ་ཇུས་འགོད་དང་། སྒྲིག་བཟོ། སྒྲིག་སྦྱོར་སོགས་གཅིག་འཐུས་རྣམ་པའི་ཞབས་ཞུ་ཡིན། ནམ་རྒྱུན་དུ་ལས་ཁུངས་ཁག་གི་རིག་གནས་གྱང་དང་། ཀུང་སིའི་བརྡ་ཁྱབ། མི་སྒེར་གྱི་ཡིག་དཔར་སོགས་ལས་ཀ་འདྲ་མིན་སྣ་ཚོགས་ལས་ཀྱི་ཡོད། ད་ལྟའི་བར་ལས་མི་8ཡོད་ཅིང་། འདིའི་ཁྲོད་ནས་ལས་མི་5སློབ་ཆེན་སློབ་མ་རེད། ངས་ལས་གཏོད་ཀྱི་འབྲས་བུ་ཐོན་རྗེས་ཕ་ཡུལ་གྱི་གཞོན་ནུ་ཤེས་ཡོན་ཅན་གྱི་སྣེ་ཁྲིད་དེ་ཁོ་ཚོ་ལས་ཞུགས་ཐུབ་པར་རང་ཉིད་ཀྱི་ནུས་ཤུགས་གང་ཡོད་འདོན་དགོས་སྙམ་པས། ཕ་ཡུལ་གྱི་ལས་ཞུགས་མི་ཐུབ་པའི་ཡུལ་མི་ཁག་གཅིག་དང་སློབ་ཆེན་སློབ་མ་ཀུང་སིར་བསྡུས་ནས་ལག་རྩལ་སློབ་སྦྱོང་བྱེད་དུ་བཅུག་པ་ཡིན། དེའི་ནང་ནས་མང་པོ་ཞིག་གིས་ཇུས་འགོད་དང་སྒྲིག་བཟོ་སོགས་ཀྱི་ལག་རྩལ་དག་བྱང་ཆུབ་རྗེས་ཀུང་སི་ནས་དོན་ཏེ་རང་ཉིད་ཀྱི་ཡིག་དཔར་ཁང་སོགས་བཙུགས་ནས་རང་ཁ་རང་གསོ་ཐུབ་ཡོད་ཅེས་བརྗོད།

    དཀའ་ངལ་ཁྱད་བསད་ལས་གཏོད་དམིགས་ཡུལ་སྒྲུབ།

    ལས་གཏོད་ཀྱི་ལམ་བུར་ཕྲད་པའི་དཀའ་ངལ་གླེང་སྐབས། སྤེན་པ་བཀྲ་ཤིས་ཀྱིས། ང་ཡང་ལས་གཏོད་པ་གཞན་དང་འདྲ་བར། ཐོག་མར་མ་དངུལ་ཐད་ཀྱི་དཀའ་ངལ་དང་། ལག་རྩལ་མི་སྣ་མི་འདང་བ། སྒྲིག་ཆས་ཞན་པ་སོགས་དཀའ་ངལ་མང་པོ་ཕྲད་བྱུང་། འོན་ཀྱང་། ངས“བྱུང་ན་བསམས་ནས་མ་བསྡད་པར། ཡོང་བའི་ཆེད་དུ་འབད་བརྩོན་གྱིས”ཞེས་པའི་མན་ངག་འདི་བློ་ལ་བཟུང་ནས་དཀའ་ངལ་ཁྱད་བསད་བྱས་པ་ཡིན་ཞེས་གསར་འགོད་པར་བརྗོད། ད་ཆ་ཀུང་སི་རྒྱུན་གཏན་ལྟར་འཁོར་རྒྱུག་ཐུབ་པས། ངའི་ལས་གཏོད་ཀྱི་དོན་སྙིང་དང་དམིགས་ཡུལ་མངོན་འགྱུར་ཐུབ་སོང་ལ། ཡུལ་མིར་འབབ་འཕར་དང་། ལས་ཞུགས་མི་ཐུབ་པའི་སློབ་ཆེན་སློབ་མར་ལས་ཞུགས་ཀྱི་གོ་སྐབས་ཀྱང་བསྐྲུན་ཐུབ་སོང་ཞེས་བརྗོད།

    མཇུག་ཏུ། སྤེན་པ་བཀྲ་ཤིས་ཀྱིས་ལག་རྩལ་ལས་རིགས་ལ་མཚོན་ན། དགོས་མཁོ་ཆེ་ཤོས་ནི་ལག་རྩལ་མི་སྣ་རེད། ད་ལྟའི་ཆར་ལས་ཀ་མང་པོ་ཡོད་ཀྱང་ལག་རྩལ་མི་སྣ་མི་འདང་བའི་གནས་ཚུལ་ཐོན་གྱི་ཡོད་པས། ངས་མུ་མཐུད་ནས་ལག་རྩལ་མི་སྣ་གང་མང་གསོ་སྐྱོང་བྱས་ནས། ཆེ་ས་ནས་ཕ་ཡུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་ཆུང་ས་ནས་སྒེར་

    འདི་ནི་ལྷོ་ཁ་གཞོན་གཏོད་བརྡ་ཁྱབ་ཡིག་དཔར་ཚད་ཡོད་ཀུང་སི་ཡིན་པ།

    འདི་ནི་ལྷོ་ཁ་གཞོན་གཏོད་བརྡ་ཁྱབ་ཡིག་དཔར་ཚད་ཡོད་ཀུང་སིའི་བཟོ་བཀོད་ཚོགས་པས་བརྡ་ཁྱབ་ཀྱི་སྒྲོམ་བཟོ་བཞིན་པ།

    འདི་ནི་ལྷོ་ཁ་གཞོན་གཏོད་བརྡ་ཁྱབ་ཡིག་དཔར་ཚད་ཡོད་ཀུང་སིས་འགན་གཙང་བླངས་ནས་བཟོས་པའི་བརྡ་ཁྱབ་ཀྱི་ལས་སྒོ་ཡིན་པ།

    དེ་བས་མང་བའི་ནང་དོན་ཤེས་འདོད་ན་རྩ་གཉིས་ཨང་རྟགས་འདི་བཤེར་རོགས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།