དབུ་ཤོག
  • ཡིད་གཟབ་གནང་དང་། ས་ཆ་འདི་དག་ལ་ཆར་པ་ཡང་ཡང་འབབ་པ་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2023-07-31

    ཚེས་31ཉིན། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་གཟའ་འཁོར་འདིའི་རིང་གི་གནམ་གཤིས་སྔོན་བརྡ(2023ལོའི་ཟླ་7ཚེས་31ཉིན་ནས་ཟླ་8ཚེས་6ཉིན་བར)ཁྱབ་བསྒྲགས་བྱས་པ་རེད།

    སྔོན་དཔག་བྱས་ན། གཟའ་འཁོར་འདིར་ཡར་ཀླུང་གཙང་པོ་རྒྱུག་ཁུལ་དང་ནག་ཆུར་ཆར་པ་ཡང་ཡང་འབབ་པ་དང་གཟའ་ལྷག་པའི་རྗེས་སུ་ཆར་པ་བབས་ཚད་ཆེ་རུ་འགྲོ་བཟོ་འདུག

    གཟའ་འཁོར་འདིའི་ཆར་ཆུ་འབབ་ཚད། ནག་ཆུ་དང་ཡར་ཀླུང་གཙང་པོ་རྒྱུག་ཁུལ་དུ་ཆར་པ་བབས་ཚད་ཅུང་མང་བ་དང་ས་ཆ་གཞན་དག་ལ་རྒྱུན་གཏན་ལྟར་ཡིན་པ།

    གཟའ་འཁོར་འདིའི་ཆ་སྙོམས་དྲོད་ཚད། ནག་ཆུ་དང་མངའ་རིས་ཀྱི་ཤར་རྒྱུད་དུ་དྲོད་ཚད་ཅུང་དམའ་བ་དང་ས་ཆ་གཞན་དག་ལ་རྒྱུན་གཏན་ལྟར་ཡིན་པ།

    གནམ་གཤིས་ཀྱི་གནས་ཚུལ་གཙོ་བོ།

    ཟླ་7ཚེས་31ཉིན་ནས་ཟླ་8ཚེས་2ཉིན་བར། གཞིས་རྩེ་དང་། ནག་ཆུའི་ནུབ་རྒྱུད། ལྷོ་ཁའི་ལྷོ་རྒྱུད། ཉིང་ཁྲིའི་ལྷོ་རྒྱུད་བཅས་སུ་ཆར་པ་ཆུང་བ་འབབ་པ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་པ། མངའ་རིས་ཀྱི་ཤར་རྒྱུད་དང་། ལྷ་ས། ཆབ་མདོའི་བྱང་རྒྱུད། ནག་ཆུའི་དབུས་རྒྱུད་དང་ཤར་རྒྱུད་བཅས་ལ་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་པ། ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་བ། ས་ཆ་ཁག་གཅིག་ལ་ཐོལ་ཆར་འབབ་རྒྱུ་རེད་འདུག

    ཟླ་8ཚེས་3ནས་6ཉིན་བར། ཉིང་ཁྲི་དང་། ནག་ཆུ། གཞིས་རྩེའི་ལྷོ་རྒྱུད། ཡར་ཀླུང་གཙང་པོ་རྒྱུག་ཁུལ་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་པ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆེ་བ་འབབ་པ། ཆབ་མདོའི་བྱང་རྒྱུད་དང་། ལྷོ་ཁའི་ལྷོ་རྒྱུད། མངའ་རིས་ཀྱི་ཤར་རྒྱུད་དང་ལྷོ་རྒྱུད་བཅས་ལ་ཆར་པ་ཆུང་བ་འབབ་པ། ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་པ། ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ་རེད་འདུག

    དྲན་སྐུལ།

    1.གཟའ་འཁོར་འདིའི་ནང་རང་ལྗོངས་ཀྱི་ས་ཆ་མང་ཆེ་བར་སྔར་བཞིན་ཆར་པ་འབབ་རྒྱུ་ཡིན་པས། ས་གཤིས་ཀྱི་གནོད་འཚེའི་མི་མངོན་པའི་རྐྱེན་ངན་ལ་ལྟ་ཞིབ་ཚད་ལེན་དང་སྐོར་ཞིབ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་ཆུ་ལོག་དང་རི་ཉིལ་བ་སོགས་ས་གཤིས་ཀྱི་གནོད་འཚེར་འགོག་ཟོན་བྱེད་དགོས་ལ། འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ལས་དོན་ཡང་ཡག་པོ་སྒྲུབ་དགོས།

    2.ཕྱི་དྲོ་དྲག་ཆར་འབབ་པ་དང་རླུང་འཚུབ་ལྡང་བ་དང་། སེར་བ་འབབ་པ། དུས་ཐུང་ནང་ཆར་པ་ཆེན་པོ་འབབ་པ་སོགས་གཏད་རྒྱུག་གི་གནམ་གཤིས་བསྟན་མང་བས། ཕྱི་རོལ་གྱི་བྱེད་སྒོ་སྤེལ་སྐབས་ངེས་པར་དུ་འགོག་ཟོན་ཡག་པོ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།