དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཚྭ་འདམ་གཤོང་སར་བཏབ་པའི “ལྗང་མདོག་ཕུགས་འདུན”

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-07-31

    ཚྭ་འདམ་གཤོང་སའི་གྲམ་ཐང་བརྒྱུད་ནས་ནུབ་ཕྱོགས་སུ་སྐྱོད་སྐབས། ཆུ་རིས་ཤིག་ཤིག་གི་ཤིས་ཐའེ་ཅི་ནེར་མཚེའུ་བརྒྱུད་ངོ་མཚར་ཆེ་བའི་ཡ་ཏན་ས་དབྱིབས་སྣ་ཚོགས་བརྒྱུད་རྗེས་ཚྭ་འདམ་གཤོང་སའི་ནུབ་རྒྱུད་ཐང་རྒོད་ཁྲོད་དུ་གནས་པའི་གྲོང་ཆུང་སྟེ། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་མང་ཡ་གྲོང་ཁྱེར་དུ་འབྱོར་གྱི་ཡོད།

    མང་ཡའི་སྤྱི་ལེ་350ཡི་ཁྱབ་ཁོངས་སུ་གྲོང་ཁྱེར་གཅིག་ཀྱང་མེད་པ་དང་། དེ་དང་ཐག་ཉེ་ཤོས་ཀྱི་ཏུན་ཧོང་གྲོང་ཁྱེར་བར་དུ་ཡང་བར་ཐག་སྤྱི་ལེ་390ཡོད། མང་ཡ་ཡི་མཐའ་སྐོར་ཕལ་ཆེ་བ་མི་མེད་ལུང་སྟོང་ཡིན་པ་དང་། ཁུ་ཁུ་ཤིས་རི་དང་། ཨར་ཅིན་ཧྲན། ལོ་པོ་ཕོའོ་སོགས་མང་ཡ་ཡི་ཕྱོགས་གང་སར་བྱེ་ཐང་གིས་ཁེངས་ཡོད།

    “ཁྱིམ་དུ་ལོག་པའི་ལམ་ཐག་རིང་པོ་ཡོད་མོད། འོན་ཀྱང་ལྗོན་ཤིང་མཐོང་ཚེ་ཁྱིམ་དུ་སླེབས་ཉེར་ཡོད”ཅེས་མང་ཡ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་དགེ་རྒན་ཝུའུ་ཡུན་གྱིས་དེ་ལྟར་འདས་ཟིན་པའི་དུས་ལ་ཕྱིར་དྲན་བྱེད་སྐབས་བྱེ་ཐང་ཁྲོད་ཀྱི་སྔོ་ཁེབས་དེས་ཁོང་ལ་བབ་ཆགས་ཟབ་མོ་བཞག་ཡོད།

    མང་ཡར་ལྗོན་ཤིང་གཅིག་བཙུགས་ནས་གསོན་པ་བྱེད་རྒྱུ་དེ་ལས་སླ་མོ་ཞིག་ག་ལ་ཡིན། མང་ཡ་ནི་ཚྭ་འདམ་གཤོང་སའི་ནུབ་རྒྱུད་དུ་གནས་པ་དང་། ས་བབ་མཐོ་ཚད་སྨི་3000ལྷག་ཙམ་ཟིན་པའི་ས་ཁུལ་གྱིས་སྤྱིའི་རྒྱ་ཁྱོན་གྱི་80%བཟུང་ཡོད། བྱེ་ཐང་གི་གྲམ་ཐང་དང་སྐོར་སྐྱོད་བྱེ་སྒང་གིས་སྤྱིའི་རྒྱ་ཁྱོན་གྱི་གསུམ་ཆ་གཉིས་ཡན་བཟུང་ཡོད། ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི་60ཡང་ཟིན་གྱི་མེད་རུང་ལོ་རེར་ཆ་སྙོམས་རླངས་འགྱུར་བྱེད་ཚད་ཧའོ་སྨི་2600ལྷག་ཙམ་ཟིན་གྱི་ཡོད།

    ནགས་སྲུང་བ་སུའུ་ཡ་ཡི་ཁྱིམ་ནི་མང་ཡ་གྲོང་ཁྱེར་ཧྭ་ཐུའུ་ཀོའུ་གྲོང་རྡལ་མོ་ཧོར་པུའུ་ལུའུ་ཁེ་གྲོང་ཚོར་ཡོད་པ་དང་། སོག་རིགས་ཀྱི་འབྲོག་ཕྲུག་སུའུ་ཡ་སྐམ་ཤས་ཆེ་བའི་ས་ཆ་དེར་བརྩེ་བ་ཡོད་ལ་མ་དགའ་བའི་ཆ་ཡང་ཡོད། “ང་ཆུང་དུས་ནས་འདི་གར་འཚར་ལོངས་བྱུང་བ་རེད། འདི་གར་ངའི་ཁྱིམ་གྱི་འབྲོག་ར་དང་ནོར་ལུག་ཡོད། ཆུང་དུས་རྩྭ་ཐང་གི་རྩྭ་ཡག་པོ་མེད་པས་ནོར་ལུག་གི་གྲོད་པ་རྒྱགས་པ་དང་འབབ་འཕར་ཡོང་བའི་ཆེད་དུ་ཕ་མ་གཉིས་ཀྱིས་འདྲེ་ཚེར་མའི་སྡོང་རྐང་100ལྷག་ཙམ་བཏབ་མོད། སྡོང་ཕྲུག་གི་རྩ་བ་མ་ཚུགས་གོང་ནས་སྡོང་ཕྲུག་ཚང་མ་སྐམ་སོང”ཞེས་སུའུ་ཡ་ཡིས་བཤད།

    རང་བྱུང་ཁོར་ཡུག་གིས་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པར་འགྱུར་ལྡོག་གཏོང་ཆེད། 2008ལོ་ནས་བཟུང་། མང་ཡ་གྲོང་ཁྱེར་གྱིས་ལོ་ལྟར་ས་གནས་ནོར་སྲིད་ནས་མ་དངུལ་བཞི་ཆ་གཅིག་བཏོན་ནས་ཆེད་མངགས་ཁོར་ཡུག་འཛུགས་སྐྲུན་ལ་སྤྱད་དེ་རྒྱལ་ཁབ་ཀྱི་སྤྱི་ཕན་ནགས་ཚལ་དོ་དམ་སྲུང་སྐྱོང་དང་། བྱང་གསུམ་འགོག་སྲུང་ནགས་ཚལ། རྒྱལ་ཁབ་ཀྱི་བྱེ་འགྱུར་ས་ཞིང་བཀག་སྡོམ་སྲུང་སྐྱོང་ཁུལ་གྱི་ཁ་གསབ་ཚོད་ལྟ་སོགས་ཀྱི་འདུ་འགོད་ལ་བརྟེན་ནས་བྱེ་ཐང་དེར་ལྗང་མདོག་གི་མཛེས་རྒྱན་སྤྲོས་འགོ་ཚུགས།

    བ་ཚྭ་ཇི་ལྟར་མེད་པར་བཟོ་བ་དང་། ཤིང་རིགས་འདེམས་པ། ཆུ་ཁུངས་མི་འདང་བ་ཐག་གཅོད་བྱེད་པ་སོགས་ཀྱི་གནད་དོན་རབ་དང་རིམ་པས་ཤིང་འཛུགས་ནགས་གསོའི་ལས་ཀར་དཀའ་ངལ་མང་པོ་འཕྲད་ཡོད། “ཤིང་རིགས་གང་ཞིག་འདེམས་དགོས་མིན་མ་ཤེས་ན་ཉེ་འཁོར་གྱི་ས་ཁུལ་དང་གྲོང་ཁྱེར་དུ་འཚོལ་བར་འགྲོ་དགོས་པ་དང་། ས་རྒྱུ་ཇི་ལྟར་ལེགས་སུ་གཏོང་དགོས་མིན་མ་ཤེས་ན་ནང་ས་ནས་རིགས་གཅིག་མཁས་ཅན་མཛུབ་ཁྲིད་བྱེད་པར་གདན་དྲངས་དགོས”མང་ཡར་ལྗོན་ཤིང་རྐང་གཅིག་བཏབ་པའི་མ་གནས་ནི་ཤར་རྒྱུད་ས་ཁུལ་གྱི་ལྡབ་ཁ་ཤས་སམ་ཡང་ན་ལྡབ་བཅུ་ཕྲག་ཁ་ཤས་ཡིན་པས་འབད་བརྩོན་དེ་བས་མང་བ་བྱེད་དགོས་ཞེས་ནགས་སྲུང་བ་རྒན་གྲས་ཕན་ཧའེ་ཅུན་གྱིས་བརྗོད།

    ཕན་ཧའེ་ཅུན་དང་འདྲ་བའི་ཤིང་འཛུགས་མཁན་གྱིས་ལོ་བཅུ་གྲངས་རིང་གི་འབད་བརྩོན་ལྷོད་མེད་བརྒྱུད། མང་ཡ་གྲོང་ཁྱེར་གྱི་རང་བྱུང་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་བྱེ་རླུང་གི་གནོད་འཚེ་གཞི་རྩའི་ཆ་ནས་བཀག་འགོག་ཐུབ་ཡོད།

    “2008ལོའི་ཚོད་ལྟའི་ནགས་ཚལ་མུའུ་300ནས་མིག་སྔའི་ནགས་བཟོའི་རྒྱ་ཁྱོན་མུའུ་6320.32བར་མང་ཡའི་སྔོ་ཁེབས་རྒྱ་ཁྱོན་ལོ་རེ་བཞིན་མང་དུ་ཕྱིན་ཡོད། ལོ་ལྟར་ང་ཚོས་ད་དུང་སྒོར་ཁྲི་2000ལྷག་ཙམ་གྱི་བདག་སྐྱོང་གྲོན་དངུལ་བཏང་ནས་ནགས་བཟོའི་ས་ཞིང་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ་སྔོ་ཁེབས་རྒྱུན་མཐུད་གནས་པར་བྱེད་ཀྱི་ཡོད”ཅེས་མང་ཡ་གྲོང་ཁྱེར་རང་བྱུང་ཐོན་ཁུངས་དང་ནགས་རྩྭ་ཅུས་ནགས་རྩྭ་གཞུང་ལས་ཁང་གི་ཀྲུའུ་རེན་ཕན་པའོ་ཡིས་བརྗོད་པ་དང་། དུས་ཡུན་རིང་པོ་འབད་བརྩོན་བྱས་པ་བརྒྱུད“སྔོ་ལྗང་འཛུགས་སྐྱོང”དང“སྔོ་ལྗང་སྲུང་སྐྱོང”བྱེད་པ་དང་ཆབས་ཅིག ད་དུང་མང་ཡ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་ལག་རྩལ་པས་སྔ་རྗེས་སུ་ས་རྒྱུའི་བ་ཚྭ་ཉུང་དུ་གཏོང་བ་དང་ས་རྒྱུའི་ལུད་མང་དུ་གཏོང་བ་སོགས་ཀྱི་དཀའ་གནད་བསལ་བས། མང་ཡའི་ནགས་གསོའི་མ་གནས་དེ་སྔའི་མུའུ་རེར་སྒོར་ཁྲི་17ནས་སྒོར་ཁྲི་2.7ཙམ་བར་དམའ་རུ་ཕྱིན་ཡོད།

    མིག་སྔའི་བར། མང་ཡ་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་ནགས་བཟོ་མུའུ་6930.32ཙམ་བྱས་པ་དང་། རིགས་ཁག་གི་སྡོང་རྐང་ཁྲི་370ལྷག་ཙམ་བཙུགས་ནས་ནགས་བཟོ་སྔོ་འགྱུར་གྱི་གསོན་ཚད་94%ཟིན་ཡོད། 2022ལོར་མང་ཡ་གྲོང་ཁྱེར་གྱིས་ནགས་ཚལ་མུའུ་5000འདེབས་གསོ་བྱས་པ་དང་། དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་ནགས་ས་མུའུ་50ཟིན་པ། ལྗོན་ཤིང་མུའུ་300གསབ་འཛུགས་བྱས་ནས་ཁྱོན་བསྡོམས་སྡོང་ཕྲུག་སྣ་ཁ་16000བཙུགས་ཡོད།

    སུའུ་ཡ་ཡིས་བདག་སྐྱོང་བྱེད་པའི་ནགས་ས་ནི་གྲོང་ཁུལ་ནས་གནམ་ཐང་བར་འབྲེལ་ཞིང་རྒྱ་ཁྱོན་ལ་ཁྱོན་མུའུ་138ཡོད་པ་དང་། འབྲོག་ལས་གྲོང་ཚོ་ཁག་དང་གྲོང་ཁུལ་གནས་སའི་ཧྭ་ཐུའུ་ཀོའུ་གྲོང་རྡལ་དབར་ཡོད་པས། འགྲིམ་འགྲུལ་སྟབས་བདེ་བའི་དབང་གིས་འབྲོག་ལས་གྲོང་ཚོའི་འབྲོག་པ་དང་ཧྭ་ཐུའུ་ཀོའུ་གྲོང་རྡལ་གྱི་གྲོང་མིས་ལོ་ལྟར་མི་རིགས་མཐུན་སྒྲིལ་འཛུགས་གཏོད་ལས་དོན་སྤེལ་སའི“མཐུན་སྒྲིལ་ནགས་རར”གཏན་འཁེལ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།