དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་སློབ་སྦྱོང་དང་ཉམས་ལེན་གྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་མྱུར་པོ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-07-31

    ཀྲུང་གོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ལེགས་སྒྲིག་བྱས་རྗེས་ཀྱི་དབྱར་གསེང་དང་པོར་སློབ་གྲྭ་འབྲིང་ཆུང་གི་སློབ་མ་དང་ཁྱིམ་བདག་ཚོས་སློབ་སྦྱོང་དང་ཉམས་ལེན་གྱི་ཡུལ་སྐོར་རྣམ་གྲངས་སྣ་ཚོགས་བཙལ་ནས་ཐོན་ལས་དེའི་འཕེལ་རྒྱས་མྱུར་པོར་སྐུལ་འདེད་གཏོང་བཞིན་ཡོད།

    ཀྲུང་གོའི་འབྲེལ་ཡོད་དྲ་ཐོག་ཡུལ་སྐོར་ལས་སྟེགས་ཀྱི་སྔོན་དཔག་ལ་གཞིགས་ན། འདི་ལོའི་ཀྲུང་གོའི་དབྱར་གསེང་རིང་གི་ཡུལ་སྐོར་ཁྲོམ་ར་2019ལོའི་དུས་མཚུངས་ལས་འཁྲུག་ཆ་དོད་དུ་འགྲོ་རེ་ཡོད། འདི་ལོ་ཕ་མ་དང་ཕྲུ་གུར་ཡུལ་སྐོར་བྱེད་སྟངས་གསར་པ་འོས་སྦྱོར་བྱས་ཡོད་པས་དེས་ཡུལ་སྐོར་ལས་རིགས་སྔར་བས་སླར་གསོ་ཐུབ་ནས་མི་རྣམས་ཀྱི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འཕེལ་ཐུབ།

    ཞེ་ཁྲེང་སློབ་སྦྱོང་དང་ཉམས་ལེན་གྱི་ཡུལ་སྐོར་ཧྭ་ཏུང་ལས་སྒོའི་འགན་འཁུར་བ་གཙོ་བོ་ལི་ཆན་གྱིས། འདི་ལོའི“སློབ་སྦྱོང་དང་ཉམས་ལེན་གྱི་ཡུལ་སྐོར”ལ་དགའ་བསུ་ཆེན་པོ་ཐོབ་ཅིང་། དཔྱིད་གསར་དུས་ཆེན་བཏང་རྗེས་ཁོང་གི་ཚོགས་པས་དབྱར་གསེང་རིང་གི་སློབ་སྦྱོང་དང་ཉམས་ལེན་གྱི་ཡུལ་སྐོར་རྣམ་གྲངས་གྲ་སྒྲིག་བྱེད་འགོ་ཚུགས་ཡོད། “འདི་ལོ་ང་ཚོའི་སློབ་སྦྱོང་དང་ཉམས་ལེན་གྱི་ཡུལ་སྐོར་ཐོན་རྫས་ཀྱི་གྲངས་འབོར་2021ལོའི་ལྡབ་1.8རེད། མིག་སྔར་དབྱར་གསེང་གི་བྲིན་ཚོང་གནས་ཚུལ་2019ལོའི་དུས་མཚུངས་ལས་མང་དུ་སོང་ཡོད་པ་མ་ཟད། ད་དུང་མུ་མཐུད་མང་དུ་འགྲོ་བཞིན་ཡོད”ཅེས་བཤད།

    གཞན་ཡང“སློབ་དེབ་ཀྱི་ནང་དོན་བཞིན་ཡུལ་སྐོར་བྱེད་པ”དེས་སློབ་མ་ཚོར་སློབ་དེབ་ནས་སྦྱངས་པའི་ཤེས་བྱ་གཞིར་བཟུང་དེ་མཚུངས་ཀྱི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བྱེད་དུ་བཅུག་ནས་སློབ་ཚན་གྱི་ནང་དོན་ཁྲོད་ཀྱི་རིག་གནས་རྒྱབ་ལྗོངས་དང་ལོ་རྒྱུས་ཀྱི་གཏམ་རྒྱུད་ཉམས་ལེན་བྱེད་དུ་འཇུག་གི་ཡོད། ད་ཆ་དེ་ཡུལ་སྐོར་གྱི་རྣམ་པ་གསར་པ་ཞིག་ཏུ་གྱུར་ཡོད། འབྲེལ་ཡོད་དྲ་ཐོག་ཡུལ་སྐོར་ལས་སྟེགས་ཀྱི་གྲངས་གཞི་ལྟར་ན། ཉེ་བའི་གཟའ་འཁོར་གཅིག་རིང་དྲ་ཐོག་ནས“སློབ་དེབ་ཀྱི་ནང་དོན་བཞིན་ཡུལ་སྐོར་བྱེད་པ”འཚོལ་བྱེད་དུས་མཚུངས་ལས་480%འཕར་ཡོད།

    ཀྲུང་གོའི་སློབ་སྦྱོང་དང་ཉམས་ལེན་གྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་འགྲོ་བའི་རྣམ་པ་ལས་ཀུང་སི་དང་ལས་ཁུངས་འབོར་ཆེན་ཞིག་ཁྱབ་ཁོངས་དེར་ཞུགས་པའི་ཡིད་དབང་བཀུག་ཡོད། 2023ལོའི་ཟླ་དང་པོ་ནས་ལྔ་པའི་བར་གྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། ཀྲུང་གོའི་སློབ་སྦྱོང་དང་ཉམས་ལེན་གྱི་ཡུལ་སྐོར་གྱི་འབྲེལ་ཡོད་ཁེ་ལས་322མང་དུ་ཕྱིན་པ་དུས་མཚུངས་ལས་79.89%འཕར་ཡོད།

    ཧྥ་རན་སེའི《ཁེ་ལས་མཁས་ཅན》དུས་དེབ་ཀྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།