དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོའི་རྒན་ལགས”ཀྱིས་མོང་ནེ་ལྕགས་ལམ་གྱི་མེ་འཁོར་ཨ་མ་བདག་སྐྱོང་ཉམས་གསོའི་རྐང་འཛིན་སྟོབས་ཤུགས་གསོ་སྐྱོང་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཆི་ཀྲུང་ཤིས་དང་ལི་ཀྲོ་ཆུན།   |     སྤེལ་དུས།  2023-07-31

    འདི་ནི་ཁེན་ནི་ཡའི་ནེ་རོ་པིའི་མོང་ནེ་ལྕགས་ལམ་གྱི་མེ་འཁོར་ཨ་མ་བདག་སྐྱོང་ཉམས་གསོའི་འཁོར་ཁང་དུ་ཁེན་ནི་ཡར་བཅའ་སྡོད་ཀྲུང་གོའི་ཀྲུང་ཁྲེ་ཚོགས་པ་ཚད་ཡོད་ཀུང་སིའི་ལས་མི་དང་ཁེན་ནི་ཡ་ཕྱོགས་ཀྱི་ལས་མིས་མེ་འཁོར་ཨ་མའི་མཐིལ་སྒྲོམ་གྱི་ཁ་ཕྱོགས་སྒྱུར་བཞིན་པ།

    འདི་ནི་ཁེན་ནི་ཡར་བཅའ་སྡོད་ཀྲུང་གོའི་ཀྲུང་ཁྲེ་ཚོགས་པ་ཚད་ཡོད་ཀུང་སིའི་ལས་མི་དང་ཁེན་ནི་ཡ་ཕྱོགས་ཀྱི་ལས་མིས་ཁེན་ནི་ཡའི་ནེ་རོ་པིའི་མོང་ནེ་ལྕགས་ལམ་གྱི་མེ་འཁོར་ཨ་མ་བདག་སྐྱོང་ཉམས་གསོའི་འཁོར་ཁང་དུ་ལས་ཀ་བྱེད་བཞིན་པ།

    འདི་ནི་ཁེན་ནི་ཡར་བཅའ་སྡོད་ཀྲུང་གོའི་ཀྲུང་ཁྲེ་ཚོགས་པ་ཚད་ཡོད་ཀུང་སིའི་ལས་མི་དང་ཁེན་ནི་ཡ་ཕྱོགས་ཀྱི་ལས་མིས་ཁེན་ནི་ཡའི་ནེ་རོ་པིའི་མོང་ནེ་ལྕགས་ལམ་གྱི་མེ་འཁོར་ཨ་མ་བདག་སྐྱོང་ཉམས་གསོ་འཁོར་ཁང་དུ་ལས་ཀ་བྱེད་བཞིན་པ།

    འདི་ནི་ཁེན་ནི་ཡར་བཅའ་སྡོད་ཀྲུང་གོའི་ཀྲུང་ཁྲེ་ཚོགས་པ་ཚད་ཡོད་ཀུང་སིའི་ལས་མི་དང་ཁེན་ནི་ཡ་ཕྱོགས་ཀྱི་ལས་མིས་མེ་འཁོར་ཨ་མའི་ཁྲའེ་ཡིའུ་འཕྲུལ་འཁོར་ལ་ཞིབ་བཤེར་ཉམས་གསོ་བྱེད་བཞིན་པ།

    འདི་ནི་ཁེན་ནི་ཡར་བཅའ་སྡོད་ཀྲུང་གོའི་ཀྲུང་ཁྲེ་ཚོགས་པ་ཚད་ཡོད་ཀུང་སིའི་ལས་མི་དང་ཁེན་ནི་ཡ་ཕྱོགས་ཀྱི་ལས་མིས་མེ་འཁོར་ཨ་མའི་ཁྲའེ་ཡིའུ་འཕྲུལ་འཁོར་ལ་ཞིབ་བཤེར་ཉམས་གསོ་བྱེད་བཞིན་པ།

    འདི་ནི་ཁེན་ནི་ཡར་བཅའ་སྡོད་ཀྲུང་གོའི་ཀྲུང་ཁྲེ་ཚོགས་པ་ཚད་ཡོད་ཀུང་སིའི་ལས་མི་དང་ཁེན་ནི་ཡ་ཕྱོགས་ཀྱི་ལས་མིས་མེ་འཁོར་ཨ་མའི་འཁོར་ལོར་ཞིབ་བཤེར་ཉམས་གསོ་བྱེད་བཞིན་པ།

    ཁེན་ནི་ཡའི་མོང་ནེ་ལྕགས་ལམ་བདེ་འཇགས་ངང་གཉེར་སྐྱོང་བྱས་ནས་ལོ་6ལྷག་ཙམ་རིང་། “ཀྲུང་གོའི་རྒན་ལགས”ཁག་གཅིག་ཡོད་པ་དེ་དག་གིས། ལྕགས་ལམ་གྱི་མེ་འཁོར་ཨ་མ་ཉམས་གསོའི་ལག་རྩལ་སྣ་ཚོགས་སློབ་ཁྲིད་བྱས་པ་དང་། དེང་རབས་ཅན་གྱི་ལྕགས་ལམ་གྱི་མེ་འཁོར་ཨ་མ་བདག་སྐྱོང་ཉམས་གསོའི་འདུ་ཤེས་ཁྱབ་གདལ་བཏང་བ། ས་གནས་དེ་གའི་ལག་རྩལ་བ་200ལྷག་ཙམ་གསོ་སྐྱོང་བྱས་པ་དག་མོང་ནེ་ལྕགས་ལམ་གྱི་མེ་འཁོར་ཨ་མ་བདག་སྐྱོང་ཉམས་གསོའི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཡོད།

    2017ལོའི་ཟླ་5ཚེས་31ཉིན་མོང་ནེ་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ་མོད། འོན་ཀྱང་ཀྲུང་ཁྲེ་ཚོགས་པའི་ལས་མིས་སྒྲུབ་དགོས་པའི་མིག་མདུན་གྱི་ལས་འགན་ཨང་དང་པོ་ནི་ཁེན་ནི་ཡའི་ཕྱོགས་ཀྱི་ལས་མིར“སྔོན་འགོག་ཉམས་གསོའི”འདུ་ཤེས་འཛུགས་རོགས་བྱེད་ཀྱི་ཡོད། “‘སྔོན་འགོག་ཉམས་གསོ’ཞེས་པ་ནི་མ་བྱུང་སྔོན་འགོག་བྱས་ནས་མེ་འཁོར་ཨ་མའི་མངོན་མེད་རྐྱེན་ངན་སེལ་དགོས”ཞེས་ཁེན་ནི་ཡར་བཅའ་སྡོད་ཀྲུང་གོའི་ཀྲུང་ཁྲེ་ཚོགས་པ་ཚད་ཡོད་ཀུང་སིའི་ལས་མི་ཁྲེན་ཅུན་གྱིས་བཤད། ཁེན་ནི་ཡ་ཕྱོགས་ཀྱི་ལས་མིས‘སྔོན་འགོག་ཉམས་གསོའི’དགོས་ངེས་རང་བཞིན་ཤེས་ཆེད་ཁྲེན་ཅུན་དང་ལས་རོགས་ཚོས་འབད་བརྩོན་ཆེན་པོ་བྱས་ཡོད།

    མེ་འཁོར་ཨ་མ་བདག་སྐྱོང་ཉམས་གསོ་བྱེད་འགོ་བཙུཌ་ཚུན་ཀྲུང་གོའི་ཀྲུང་ཁྲེ་ཚོགས་པ་ཚད་ཡོད་ཀུང་སིས་ས་ཁོངས་ཅན་གྱི་དོ་དམ་བྱེད་སྟངས་ཁྱབ་གདལ་ཧུར་ཐག་བཏང་ཡོད། ཁེན་ནི་ཡའི་ལས་མི་ལས་གནས་སུ་སླེབས་རྗེས་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་ལས་སྒྲུབ་བདེ་འཇགས་ཀྱི་ཤེས་བྱ་སྦྱོང་དགོས་ཤིང་། ཡིག་རྒྱུགས་འཕྲོད་རྗེས་གཞི་ནས་ས་གནས་ས་ཐོག་ཀྱི་དངོས་སྦྱོང་ལ་ཞུགས་ཆོག་གི་ཡོད། དུས་མཚམས་ཁག་ཏུ་ཁེན་ནི་ཡའི་ལས་མི་ཚང་མར“ཀྲུང་གོའི་རྒན་ལགས”ཀྱིས་དམར་ཁྲིད་བྱེད་ཀྱི་ཡོད།

    ཁེན་ནི་ཡར་བཅའ་སྡོད་ཀྲུང་གོའི་ཀྲུང་ཁྲེ་ཚོགས་པ་ཚད་ཡོད་ཀུང་སིའི་ལས་མི་ལི་ཅན་2018ལོར་ཁེན་ནི་ཡར་ཡོང་ཞིང་། ཁོང་གིས་གཙོ་བོ་མེ་འཁོར་ཨ་མའི་མཁའ་རླུང་བཀག་གཏོང་མ་ལག་ལ་ཞིབ་བཤེར་ཉམས་གསོ་དང་རྒྱུན་གཏན་གྱི་ཞིབ་བཤེར་ལས་ཀའི་འགན་ཁུར་བ་དང་ཆབས་ཅིག བརྒྱུད་རོགས་ཁྲིད་གསུམ་གྱིས་ས་གནས་དེ་གའི་ལས་མི་གསོ་སྐྱོང་ཡང་བྱེད་ཀྱི་ཡོད།

    ལི་ཅན་གྱིས་འགྲེལ་བཤད་རྒྱག་པའི་གོ་སྐབས་བྱུང་རིམ་བཞིན་ཁེན་ནི་ཡའི་ལས་མི་དང་མཉམ་དུ་ས་གནས་ས་ཐོག་ཏུ་མེ་འཁོར་ཨ་མར་སྐྱོན་ཤོར་རྐྱེན་དབྱེ་ཞིབ་བྱེད་པ་མ་ཟད། ད་དུང་རྒྱུན་གཏན་གྱི་གནད་དོན་ཐག་གཅོད་བྱེད་སྟངས་ངང་རྒྱུད་རིང་པོས་འཁྲིད་ཀྱི་ཡོད། ཚོགས་པས་རྒྱུན་དུ་བསགས་པའི་ཉམས་མྱོང་དེ་དག་ཕྱོགས་སྡོམ་བྱས་ནས་ཞིབ་བཤེར་ཉམས་གསོའི་ལག་དེབ་བཟོས་པའི་ནང་མེ་འཁོར་ཨ་མའི་མ་ལག་ཁག་དང་། འགག་རྩའི་ལྷུ་ལག ལས་སྒྲུབ་སྒྲིག་སྲོལ་ཚད་གཞི་བཅས་ཚུད་ཡོད། དེ་ལས་མོང་ནེ་ལྕགས་ལམ་ས་ཁོངས་ཅན་གྱི་འཁོར་སྐྱོད་གཉེར་སྐྱོང་བྱེད་པར་ལག་རྩལ་གྱི་འགན་ལེན་གལ་ཆེན་བྱུང་ཡོད།

    མེ་འཁོར་ཤར་གཏོང་ཐུབ་པ་ནས་བཟུང་མོང་ནེ་ལྕགས་ལམ་གྱིས་འཕེལ་རྒྱས་ཡག་པོ་དང་བདེ་འཇགས་གཉེར་སྐྱོང་གི་ཟིན་ཐོ་ཡག་པོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཤིང་། མོང་ནེ་ལྕགས་ལམ་གཉེར་སྐྱོང་ཕྱོགས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། 2023ལོའི་ལོ་མཇུག་ཏུ་སླེབས་སྐབས་རིམ་རྩིས་བྱས་ན་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་2300དང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་1300ཟིན་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།