དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཐོ་ཀོའི་གཞོན་ནུ་ཞིག་དང་གཞུང་ལམ་བར་གྱི་བརྩེ་དུང་།

  •     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་ཡཱ་ཧུའེ།   |     སྤེལ་དུས།  2023-07-30

    འདི་ནི་སུའུ་ཤིན་གྱིས་རླངས་འཁོར་བཏང་སྟེ་རང་ཉིད་དེ་སྔ་འཛུགས་སྐྲུན་ནང་ཞུགས་མྱོང་བའི་སེ་ནེ་ཀལ་གྱི་ཅེ་སི་ནས་ཐུའུ་པ་བར་གྱི་མྱུར་བགྲོད་གཞུང་ལམ་ཐོག་སྐྱོད་བཞིན་པ།

    འདི་ནི་སུའུ་ཤིན(གཡས)གྱིས་སེ་ནེ་ཀལ་གྱི་ཏ་ཁར་མྱུར་བགྲོད་སྤྱི་སྤྱོད་འགྲིམ་འགྲུལ་རྣམ་གྲངས་འཛུགས་སྐྲུན་ལས་ཡུལ་དུ་ལས་རོགས་དང་སྤེལ་རེས་བྱེད་བཞིན་པ།

    འདི་ནི་སེ་ནེ་ཀལ་གྱི་ཏ་ཁར་མྱུར་བགྲོད་སྤྱི་སྤྱོད་འགྲིམ་འགྲུལ་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་སུའུ་ཤིན(གཡས)གྱིས་ལས་གྲྭའི་སྤུས་ཚད་ལ་ཞིབ་བཤེར་བྱེད་བཞིན་པ།

     འདི་ནི་སུའུ་ཤིན་དང་བཅས་པའི་ནང་མིས་སེ་ནེ་ཀལ་གྱི་ཅེ་སིར་ཡོད་པའི་ཁྱིམ་དུ་བརྒྱབ་པའི་པར་ཡིན་པ།

    “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་ལག་བསྟར་བྱས་ཚུན། རྨང་གཞིའི་འཛུགས་སྐྲུན་རྣམ་གྲངས་མང་པོས་ས་གནས་དེ་གའི་གྲོང་ཁྱེར་འཛུགས་སྐྲུན་དང་དམངས་འཚོ་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། དེའི་ནང་ཞུགས་མཁན་འཛུགས་སྐྲུན་པ་མང་པོས་རང་ཉིད་ཀྱི་རིན་ཐང་མངོན་འགྱུར་བྱས་པའི་ཞོར་ལ་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ཀྱང་བྱུང་ཞིང་། གཞུང་ལམ་འཛུགས་སྐྲུན་གྱི་རྣམ་གྲངས་མང་པོའི་ནང་ཞུགས་པའི་ཐོ་ཀོའི་གཞོན་ནུ་སུའུ་ཤིན་ནི་དེའི་ཁྲོད་ཀྱི་གཅིག་རེད།

    སུའུ་ཤིན(མིང་ལ་ལའེ་ཨང·ཁོ་ཤིས་ཝུའེ་ཟེར)ད་ལོ་ལོ་36ལ་སླེབས་པ་དང་མིག་སྔར་སེ་ནེ་ཀལ་གྱི་ཏ་ཁར་མྱུར་བགྲོད་སྤྱི་སྤྱོད་འགྲིམ་འགྲུལ་རྣམ་གྲངས་ཀྱི་ཅིང་ལིའི་ལས་རོགས་རེད། ཐོ་ཀོའི་ལོ་མེ་སློབ་ཆེན་ཁུང་ཙི་སློབ་གླིང་དུ་རྒྱ་ཡིག་སློབ་སྦྱོང་བྱས་པ་དང་དེ་ནས་ཀྲུང་གོའི་ལམ་ཟམ་ཀུང་སིས་གདན་ཞུ་བྱས་རྗེས་ཀྱི་ལོ་བཅུ་གྲངས་རིང་། སུའུ་ཤིན་གྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་རྣམ་གྲངས་མང་པོའི་གཞུང་ལམ་འཛུགས་སྐྲུན་ནང་ཞུགས་ཤིང་། ཁོ་པ་རང་ཉིད་ཀྱང་ཐོག་མའི་སྐད་སྒྱུར་ཞིག་ནས་ད་ཆ་རྣམ་གྲངས་དོ་དམ་གྱི་ཤེས་ལྡན་པར་གྱུར་ཡོད། 2018ལོར་སེ་ནེ་ཀལ་གྱི་ཅེ་སི་ནས་ཐུའུ་པ་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ནང་ཞུགས་རིང་། སུའུ་ཤིན་གྱིས་སེ་ནེ་ཀལ་གྱི་ས་གནས་དེ་གའི་བུ་མོ་མོ་ཉི་ཁེ་ངོ་ཤེས་པ་དང་། ཕྱིས་སུ་ཁོང་གཉིས་ཕན་ཚུན་བརྩེ་དུང་ཟབ་མོ་ཆགས་ནས་སེ་ནེ་ཀལ་གྱི་ཅེ་སི་རུ་ཁྱིམ་ཚང་བཟུང་ཡོད། མོ་ཉི་ཁེ་ནི་མྱུར་བགྲོད་གཞུང་ལམ་གྱི་ལམ་རིན་བསྡུ་མཁན་ཞིག་རེད།

    མིག་སྔར་སུའུ་ཤིན་ཞུགས་པའི་ཏ་ཁར་མྱུར་བགྲོད་སྤྱི་སྤྱོད་འགྲིམ་འགྲུལ་མ་ལག་གི་རྣམ་གྲངས་ནི་སེ་ནེ་ཀལ་གྲོང་ཁྱེར་གྱི་མྱུར་བགྲོད་སྤྱི་སྤྱོད་འགྲིམ་འགྲུལ་གྱི་ལམ་ཐིག་དང་པོ་རེད། ལམ་ཐག་སྤྱི་ལེ་18ཙམ་ཡོད་པའི་གཞུང་ལམ་དེ་ཏ་ཁར་གྱི་མི་ཚོགས་ཆེ་ཤོས་ཀྱི་སྡེ་ཁུལ་དང་ལྟེ་བའི་ཚོང་དོན་ཁུལ་གྱི་དཀྱིལ་ནས་བསྐྲུན་ཞིང་། བསྐྲུན་ཟིན་རྗེས་རྒྱལ་སའི་འགྲིམ་འགྲུལ་གྱི་གནོན་ཤུགས་ཆུང་དུ་གཏོང་རྒྱུར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་རེད།

    སུའུ་ཤིན་གྱིས་ཀྲུང་གོའི་ཀུང་སི་ནས་རང་ཉིད་ཀྱི་ལས་ཀའི་འཇོན་ཐང་འཕེལ་བ་དང་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ཀྱང་ཐོབ་བྱུང་། མ་འོངས་པར་ཀྲུང་ཧྥེའི་མཉམ་ལས་རྣམ་གྲངས་སྔར་ལས་མང་བའི་ནང་ཞུགས་རྒྱུ་བྱུང་ནས་ཕ་ཚ་བུ་རྒྱུད་ལ་འཚོ་བའི་ཁོར་ཡུག་ཡག་པོ་ཞིག་སྐྲུན་ཐུབ་པའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་ཅེས་བཤད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།