དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • འདམ་རའི་ཐཱན་གསོག་ཚོད་རྩིས་བྱས་པ་ལས་འབྲི་ཆུའི་ཆུ་འགོའི་ཁུལ་གྱི་ཚན་ཞིབ་ཀྱི་སྟོང་ཆ་བསྐང་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-07-29

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་7ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ས་ཆུ་དང་སྔོ་ཁེབས་སོགས་ཀྱི་མ་དཔེ་བསྡུ་ལེན་དང་ཁོར་ཡུག་གི་དྲོད་ཚད་དང་ཚྭ་འདུས་ཚད་ཀྱི་དཔྱད་གྲངས་ཚད་འཇལ་སོགས་འབྲི་ཆུ་ཚན་རིག་ཁང་གི་ཚན་རིག་རྟོག་ཞིབ་མི་སྣས་ཉིན་ཤས་བསྟུད་མར་འབྲི་ཆུའི་ཆུ་འགོའི་ཁུལ་གྱི་ཁྲ་འདམ་ལ་ལྟ་དཔྱད་ཚད་ལེན་དང་མ་དཔེ་བླངས་ནས་འདམ་རའི་ཐཱན་གསོག་ཚོད་རྩིས་ལས་དོན་སྤེལ་བ་རེད། ཚན་རིག་རྟོག་ཞིབ་ཀྱི་ཞིབ་འཇུག་རྣམ་གྲངས་དེས་འབྲི་ཆུའི་ཆུ་འགོའི་ཁུལ་གྱི་འདམ་རའི་ཐཱན་གསོག་གི་ཚན་ཞིབ་ཀྱི་སྟོང་ཆ་སྐོང་རྒྱུ་རེད།

    2023ལོར་ཆུ་འགོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ལས་དོན་དེ་འབྲི་ཆུའི་ཆུ་འགོའི་ཁུལ་དུ་སྤེལ་བ་དང་། མཐོ་གྲང་དང་ས་བབ་མཐོ་བའི་འདམ་རའི་ཐཱན་གསོག་ནི་ཚན་རིག་རྟོག་ཞིབ་ཀྱི་གཙོ་གནད་ཡིན། ཉེ་དུས་ཁྲ་འདམ་དུ་གངས་མ་ཆར་བབས་ནས་འབྲི་ཆུའི་ཚན་རིག་ཁང་གི་བར་མཐོངས་ལག་རྩལ་ཉེར་སྤྱོད་ཞིབ་འཇུག་སུའོ་ཡི་འབུམ་རམས་པ་ཀྲང་ཧྲོང་དབྱིན་དང་རུ་མི་ཧྥུའུ་ཁྲུང་ཆིང་དང་། ལེའོ་མའོ་ཤིན། པའོ་ཀྲང་བཅས་ཀྱིས་དྲག་ཆར་རླུང་འཚུབ་ལ་མ་འཛེམས་པར་འདམ་རར་མཚོན་བྱེད་རང་བཞིན་གྱི་ཚུགས་གནས་བདམས་ནས། ཆུ་གཟུགས་དང་། སྔོ་ཁེབས། ས་རྒྱུ། འདམ་བག་བཅས་རིགས་བཞིའི་ཐཱན་གསོག་གཞི་རྟེན་ནས་རེ་རེ་བཞིན་མ་དཔེ་བླངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།