དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • འབྲི་ཆུའི་ཆུ་འགོའི་འདམ་རར་ཚན་རིག་རྟོག་ཞིབ་བྱེད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-07-29

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་7ཚེས་26ཉིན་གློག་འཕྲིན་འབྱོར་གསལ། 2023ལོའི་འབྲི་ཆུའི་ཆུ་འགོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་རུ་ཁག་གིས་ཉེ་ཆར་འབྲི་ཆུའི་ལྷོ་ངོས་ཀྱི་ཆུ་འགོ་སྟེ། འདམ་ཆུ་ཆུ་འགོའི་ཁུལ་དུ་རིག་ཚན་མང་པོར་ཕྱོགས་བསྡུས་རྟོག་ཞིབ་བྱས་པ་དང་འབྲི་ཆུའི་ཆུ་འགོའི་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་འདམ་ཆུ་འདམ་རར་མ་དཔེ་འཚོལ་བསྡུ་དང་བརྟག་དཔྱད་བྱས་པ་རེད།

    ཚན་ཞིབ་རུ་ཁག་འདམ་རའི་ཆུ་འགོའི་ཉེ་འགྲམ་དུ་སླེབས་སྐབས་དེ་གར་འདམ་ར་མང་པོ་ཡོད་པ་དང་ས་ཆ་ཁོད་སྙོམས་ལ་ཆུ་འབུད་མ་ཐུབ་པས་ས་འོག་ཏུ་འཁྱགས་ས་ཆགས་ནས་གངས་ཆུ་དང་ཆར་ཆུ་སིམ་མ་ཐུབ་པས། ས་ངོས་སུ་དུས་ཡུན་རིང་པོར་རློན་པ་དང་ཆུ་གསོག་ཐེབས་ནས་ཡུག་གཅིག་ཏུ་མཐོ་གྲང་འདམ་རར་གྱུར་ཡོད།

    འདམ་ཆུ་ཟམ་འགྲམ་དུ་འབྲི་ཆུ་ཚན་རིག་ཁང་གི་ཚན་རིག་རྟོག་ཞིབ་རུ་མིས་རིག་ཚན་མང་པོའི་མ་དཔེ་འཚོལ་བསྡུ་དང་ལྟ་ཞིབ་ཚད་ལེན་བྱས་པ་སྟེ། ས་རྒྱུའི་དྲོད་ཚད་དང་བརླན་བཤེར་ལ་བརྟག་དཔྱད་བྱས་ནས་འཁྱགས་སའི་རྒྱང་ཚོར་དང་ཆུ་དཔྱད་ལ་ས་ངོས་ཀྱི་གྲངས་གཞིའི་འདེགས་སྐྱོར་བྱས་པ་དང་། སྔོ་ཁེབས་སྐྱེ་ཁམས་དང་ས་ཆུ་ཤོར་བར་བརྟག་དཔྱད་དཔེ་འཐེན་དང་ལྟ་ཞིབ་ཚད་ལེན་བྱས་པ། ཆུ་སྤུས་དང་འཕྱོ་དངོས་སོགས་འཚོལ་བསྡུ་བྱས་པ་རེད།

    འདམ་ཆུ་ཁྲ་འདམ་འདམ་ར་ནི་ཚན་ཞིབ་རུ་ཁག་གིས་ད་ཐེངས་ཀྱི་ཚན་རིག་རྟོག་ཞིབ་བྱ་ཡུལ་གཙོ་བོ་ཡིན་ཞིང་། དེ་ནི་རྩ་ཆེའི་སྲོག་ཆགས་འཚོ་གནས་ཁུལ་དང་རྩི་ཤིང་སྐྱེ་འཚར་ཁུལ་ཞིག་ཡིན་པས་མཚོ་བོད་ས་མཐོའི་སྐྱེ་ཁམས་དོ་སྙོམས་དང་གཙང་ཆུའི་ཆུ་སྤུས་སྲུང་སྐྱོང་ལ་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།