སི་ཁྲོན་ལི་ཐང་དུ་རྩྭ་ཐང་གི་རྟ་རྒྱུག་འགྲན་ཚོགས་སྤེལ་བ།
ཟླ་7ཚེས་24ཉིན་ནས་26ཉིན་བར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལི་ཐང་རྫོང་འབུམ་ཡག་རྩྭ་ཐང་དུ་མེ་ཏོག་རྣམ་པར་བཞད་ཅིང་སྔོ་ཐིང་ངེར་གནས་པ་དང་། ཞིང་འབྲོག་མང་ཚོགས་འདི་གར་འཛོམས་ནས་རྟ་རྒྱུག་འགྲན་ཚོགས་སྤེལ་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པར་དགའ་སྤྲོའི་རྟེན་འབྲེལ་ཞུས་པ་རེད། ལོ་ངོ་400ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་རྟ་རྒྱུག་འགྲན་ཚོགས་ནི་ད་ལྟ་རིག་གནས་དང་། ཡུལ་སྐོར། ལུས་རྩལ། ཞིང་ལས། ཚོང་ལས་བཅས་ཀྱི་འདུ་ཚོགས་གཟབ་རྒྱས་ཤིག་ཏུ་གྱུར་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་གྲོང་གསེབ་དར་རྒྱས་གཏོང་བར་གསོན་ཤུགས་གསར་པ་སྦྱིན་ཡོད། འདི་ནི་ཟླ་7ཚེས་24ཉིན་ལི་ཐང་གི་རྟ་རྒྱུག་འགྲན་ཚོགས་འཚོག་ཡུལ་ཡིན་པ།