དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཐེ་ལན་མཉམ་ལས་ཀྱི་ཉིང་རྡུལ་འདུས་འགྱུར་གྱི་ཚོད་ལྟའི་སྒྲིག་ཆས་ཐེ་ལན་དུ་དངོས་སུ་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-07-29

    ཤིན་ཧྭ་གསར་འགྱུར་ཁང་ཐེ་ལན་གྱི་གྲོང་ཁྱེར་ན་ཁུང་ན་ཡུས་ནས་གློག་འཕྲིན་འབྱོར་གསལ། ཐེ་ལན་གྱི་ཐུའོ་ཁ་མ་ཁེའི་ཚོད་ལྟའི་སྒྲིག་ཆས་ཐོག་མ་TT-1སྤྱོད་འགོ་ཚུགས་པའི་མཛད་སྒོ་དེ་ཚེས་25ཉིན་ཐེ་ལན་དབུས་རྒྱུད་ཀྱི་ན་ཁུང་ན་ཡུས་ཧྥུའུ་རུ་གཉེར་བ་དེ་ཐོག་ནས་ཀྲུང་གོ་དང་ཐེ་ལན་མཉམ་ལས་བྱས་པའི་ཉིང་རྡུལ་འདུས་འགྱུར་གྱི་ཚོད་ལྟའི་སྒྲིག་ཆས་དངོས་སུ་སྤྱོད་འགོ་ཚུགས་པ་མཚོན་ཡོད།

    ཀྲུང་གོ་ཚན་རིག་ཁང་ཧོ་ཧྥེའི་དངོས་རྫས་ཚན་རིག་ཞིབ་འཇུག་ཁང་གྱེས་རྡུལ་མཉམ་པའི་ཕུང་པོའི་དངོས་ཁམས་ཞིབ་འཇུག་སུའོ་ཡིས་ཐེ་ལན་གྱི་ཉིང་རྡུལ་ལག་རྩལ་ཞིབ་འཇུག་སུའོ་ལ་སྤྲད་པའི་སྒྲིག་ཆས་དེ་འདི་ལོའི་ཟླ་དང་པོར་ཐེ་ལན་དུ་དབོར་ནས་ཟླ་ལྔ་པར་ཚོད་ལྟ་བྱེད་འགོ་ཚུགས་ཡོད།

    ཐེ་ལན་གྱི་ཉིང་རྡུལ་ལག་རྩལ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཐ་ཝ་ཚའེ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས། ཐེ་ལན་གྱི་ཐུའོ་ཁ་མ་ཁེའི་ཚོད་ལྟའི་སྒྲིག་ཆས་དང་པོ་དེས་ཐེ་ལན་གྱི་ཉིང་རྡུལ་འདུས་འགྱུར་བཀོལ་སྤྱོད་ཁྱབ་ཁོངས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་ནས་རིག་གཞུང་ཚན་ཁག་འཛུགས་སྐྱོང་དང་། ལས་གྲྭའི་ལག་རྩལ་ཞིབ་འཇུག ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཕྱོགས་མང་པོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཐེ་ལན་དེ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ས་ཁུལ་གྱི་ཐུའོ་ཁ་མ་ཁེའི་ལག་རྩལ་ལ་བརྟེན་པའི་ཚན་ཞིབ་དང་གསར་སྤེལ་ལྟེ་གནས་སུ་བསྐྲུན་རྒྱུར་རམ་འདེགས་ཐུབ་རྒྱུ་རེད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།