དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨེ་ཁྭ་ཏོར་གྱི་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིས་བརྗོད་དོན།

    ཁྲེང་ཏུའུ་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་ལ་བརྟེན་ནས་ཨེ་ཁྭ་ཏོར་དང་ཀྲུང་གོ་དང་དེ་བཞིན་འཛམ་གླིང་དབར་གྱི་སྤེལ་རེས་ལ་སྐུལ་འདེད་ཐེབས་རེ་ཡོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-07-29

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་ཞི་ཁོ་ནས་གློག་འཕྲིན་འབྱོར་གསལ། ཁེ་ཐོ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཨེ་ཁྭ་ཏོར་གྱི་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཨེ་སི་ཐེ་ཝན·ལུའོ་ཨེ་སཱ་ཡིས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་ཞུ་སྐབས། ཁྲེང་ཏུའུ་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་ལ་བརྟེན་ནས་ཨེ་ཁྭ་ཏོར་དང་ཀྲུང་གོ་དང་དེ་བཞིན་འཛམ་གླིང་དབར་གྱི་ལུས་རྩལ་དང་རིག་གནས་སྤེལ་རེས་ལ་སྐུལ་འདེད་ཐེབས་པ་དང་ཆབས་ཅིག ཨེ་ཁྭ་ཏོར་གྱི་ལུས་རྩལ་པ་ཚོས་ད་རེས་ཀྱི་གོ་སྐབས་འདིར་བརྟེན་ནས་སོ་སོའི་རྩལ་ནུས་ཆེར་གཏོང་དང་གྲོགས་པོ་མང་པོ་བསྒྲིག་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    ཨེ་ཁྭ་ཏོར་གྱིས་ཐའེ་ཆོན་དྲག་རྩལ་གྱི་ལུས་རྩལ་པ་གཉིས་འགྲན་བསྡུར་ལ་མངགས་རྩིས་ཡོད་པ་རེད། ལུའོ་ཨེ་སཱ་ཡིས། འདི་ནི་ཁོང་ཚོ་ཀྲུང་གོར་སྐྱོད་ཐེངས་དང་པོ་ཡིན་ཞིང་། ཆུ་ཚད་མཐོ་བའི་འགྲན་བསྡུར་འདི་ལྟ་བུ་བརྒྱུད་ཁོང་ཚོས་ཉམས་མྱོང་གསོག་པ་དང་ཆབས་ཅིག་ཕུལ་བྱུང་གྲུབ་འབྲས་ལེན་རྒྱུ་དང་། ཀྲུང་གོ་དང་ཡང་ན་འཛམ་གླིང་རྒྱལ་ཁབ་གཞན་དག་གི་ལུས་རྩལ་པ་དང་སྤེལ་རེས་བྱས་ནས་ཀྲུང་གོའི་རིག་གནས་ཉམས་སུ་མྱོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    ལུའོ་ཨེ་སཱ་ཡིས་ད་དུང་ཨེ་ཁྭ་ཏོར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་སྦྲེལ་ཟམ་གྱི་ནུས་པ་བཏོན་ནས་རྒྱལ་སྤྱིའི་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ལ་ཨེ་ཁྭ་ཏོར་གྱི་ལུས་རྩལ་པ་འགྲན་བསྡུར་ནང་ཞུགས་རྒྱུར་རོགས་དངུལ་སྤྲོད་དུ་བཅུག་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། ཨེ་ཁྭ་ཏོར་གྱིས་ད་རེས་ཀྱི་འགྲན་བསྡུར་འདི་གོ་སྐབས་སུ་བཟུང་ནས་ཀྲུང་གོ་དང་སྤེལ་རེས་མཉམ་ལས་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།