དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “མཛེས་སྡུག་ལྡན་པའི་ཀྲུང་དབྱིན”གྱི་པར་རྒྱག་འགྲན་བསྡུར་ཆེ་མོ་དབྱིན་ཇིར་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-07-29

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལོན་ཏོན་ནས་གློག་འཕྲིན་འབྱོར་གསལ། ཚེས་26ཉིན“མཛེས་སྡུག་ལྡན་པའི་ཀྲུང་དབྱིན”གྱི་པར་རྒྱག་འགྲན་བསྡུར་ཆེ་མོ་དབྱིན་ཇིའི་ལོན་ཏོན་དུ་འགོ་ཚུགས་ཤིང་། གོ་ལ་ཧྲིལ་པོའི་པར་རྒྱག་ལ་དགའ་པོ་ཡོད་མཁན་ཚོའི་ས་ནས་པར་ལེན་བརྩམས་ཆོས་བསྡུ་རུབ་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཡུལ་སྐོར་དང་། རིག་གནས། འཚོ་བ་བཅས་དང་དེ་བཞིན་ཉེ་བའི་ལོ་ཤས་རིང་ཀྲུང་དབྱིན་རྒྱལ་ཁབ་གཉིས་པོའི་སྤེལ་རེས་མཉམ་ལས་དང་དམངས་ཁྲོད་ཀྱི་མཛའ་གྲོགས་རྣམ་པ་མངོན་པར་བྱེད་རྒྱུ་རེད།

    པར་རྒྱག་འགྲན་བསྡུར་ཆེ་མོ་དེ་ལོན་ཏོན་དུ་བཅའ་སྡོད་ཀྲུང་གོའི་ཡུལ་སྐོར་དོན་གཅོད་ཁྲུའུ་དང་། ཡོ་རོབ་སྐབས་དོན་ཚགས་པར་དབྱིན་ཇིའི་ཡན་ལག་ཁང་། ཀྲུང་གོའི་ཧྲང་ཐུའུ་ཧྥང་བཅས་ཀྱིས་གཙོ་གཉེར་བྱས་པ་ཞིག་ཡིན་ཞིང་། “མཛེས་སྡུག་ལྡན་པའི་ཀྲུང་གོ”དང་། “རིག་གནས་ཀྲུང་གོ”“ཀྲུང་དབྱིན་གྱི་བག་ཆགས”བཅས་བརྗོད་དོན་གཙོ་བོ་གསུམ་ལ་དམིགས་ནས་ཟླ་བཅུ་པའི་ཟླ་མཇུག་གོང་བརྩམས་ཆོས་བསྡུ་རུབ་བྱེད་རྒྱུ་རེད། དེ་རྗེས་ཀྲུང་གོ་དང་དབྱིན་ཇིའི་པར་ལེན་གྱི་འབྲེལ་ཡོད་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་ལས་གྲུབ་པའི་དཔྱད་འདེམས་ཚོགས་ཆུང་གིས་བརྗོད་དོན་གཙོ་བོ་དང་མཐུན་པ་དང་། མཐོང་ཚོར་མངོན་པ། བརྩམས་ཆོས་ཀྱི་གོ་དོན་བཅས་ཕྱོགས་གསུམ་གྱི་ཐོག་ནས་འགྲན་ཞུགས་བརྩམས་ཆོས་ལ་ཞིབ་དཔྱད་བྱ་རྒྱུ་རེད། འགྲན་བསྡུར་གྱི་གྲུབ་འབྲས་སྔོན་དཔག་བྱས་ན་འདི་ལོའི་ལོ་མཇུག་ཏུ་ཐོན་རྒྱུ་དང་སང་ལོའི་ལོ་འགོར་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོག་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།