ནག་ཆུ་གྲོང་ཁྱེར་གྱིས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་ནས་བརྗོད་དོན་གཙོ་བོའི་སློབ་གསོར་གྲ་སྒྲིག་ཨང་བསར་བྱས་པ།
བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ཞིང་། ནག་ཆུ་གྲོང་ཁྱེར་གྱིས་ཚད་མཐོའི་མཐོང་ཆེན་དང་སྔོན་ལ་ཇུས་འགོད་བྱས་ནས་སྔོན་སྦྱོང་སྔོན་བསྟར་དང་། རིགས་པའི་གཞུང་ལུགས་ཀྱི་ཕུལ་བྱུང་རྩོམ་ཡིག་དཔྱད་འདེམས། སྐོར་ཉན་ཟུར་ཉན་ལམ་ལུགས་དོན་འཁྱོལ་སོགས་ཀྱི་བྱེད་ཐབས་དང་བྱེད་སྟངས་བརྒྱུད་བརྗོད་དོན་གཙོ་བོའི་སློབ་གསོའི་གྲ་སྒྲིག་ལས་དོན་ལ་སྐུལ་འདེད་བཏང་བ་རེད།
རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་སྒྲིག་ཀློག་དེབ》གྱི་དེབ་དང་པོ་དང་གཉིས་པ་སློབ་སྦྱོང་ལག་བསྟར་བྱེད་པ་དེ་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་མཐོ་རུ་གཏོང་བའི་སློབ་སྦྱོང་གི་གཙོ་གནད་དུ་བརྩིས་ཏེ། ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་འཆར་གཞིའི་ནང་བཅུག་པ་དང་། མཉམ་སྡེབ་སློབ་སྦྱོང་དང་། མི་སྒེར་གྱི་རང་སྦྱོང་། རིགས་གཅིག་མཁས་ཅན་གྱི་འཆད་ཁྲིད་བཅས་ཟུང་འབྲེལ་གྱི་བྱེད་ཐབས་བརྒྱུད་སློབ་སྦྱོང་བྱེད་སྟངས་ཕུན་སུམ་ཚོགས་སུ་གཏོང་བ་དང་སློབ་སྦྱོང་གི་ཕན་འབྲས་ཆེ་རུ་བཏང་ནས་ཏང་ཡོན་ལས་བྱེད་པ་ཡོངས་ལ་སྤྱི་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱས་ཏེ་དགོངས་དོན་གྱི་ངོ་བོར་གོ་བ་ལེན་ཐུབ་པ་དང་། དོན་དངོས་དང་འབྲེལ་བ་དམ་ཟབ་བྱེད་པ། དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་རྩ་དོན་དུ་བཟུང་ནས་སློབ་སྦྱོང་གི་ཕན་འབྲས་དེ་ལས་དོན་འཆར་འགོད་ཀྱི་བསམ་ཕྱོགས་དང་། ལས་དོན་ལ་སྐུལ་འདེད་གཏོང་བའི་ཐབས་ལམ། ལས་དོན་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་བཅས་ལ་བསྒྱུར་རྒྱུའི་ཁྲིད་སྟོན་བྱས་པ་རེད།
རིགས་པའི་གཞུང་ལུགས་ཀྱི་ཕུལ་བྱུང་རྩོམ་ཡིག་དཔྱད་འདེམས་སྐབས་གཉིས་པའི་ལས་དོན་སྤེལ་ཞིང་། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཚན་ཁག་གི་ཁོངས་མིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་གཙོ་རྐང་དེར་དམ་པོར་དམིགས་ནས་རྒྱུན་སྲིང་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་རྟོགས་རང་འགུལ་གྱིས་སྦྱོང་བ་དང་། དུས་ཐོག་རྗེས་སྙེག་གིས་སྦྱོང་བ། དོན་དངོས་དང་ཟུང་འབྲེལ་གྱིས་སྦྱོང་བ། བསམ་སྦྱོར་གཉིས་བརྩོན་གྱིས་སྦྱོང་བ་བཅས་ཐུབ་པར་བྱེད་པ། ཕྱོགས་ཡོངས་ནས་སློབ་སྦྱོང་དང་། ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་ལ་ཤུགས་སྣོན་རྒྱག་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། “དོན་ཆེན་བཞི”དང“འཛུགས་གཏོད་བཞིར”དམིགས་པ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་སྤྱི་དམངས་ཅན་གྱི་བརྗོད་གཞི་གལ་ཆེན་དེ་དང་རང་སོ་སོའི་ཁག་བགོས་དོ་དམ་ཁྱབ་ཁོངས་ཀྱི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ལ་དམིགས་ནས་གཞི་རིམ་དུ་བསྐྱོད་དེ་བརྟག་དཔྱད་ཞིབ་འཇུག་བྱས་པ་རེད།
སྐོར་ཉན་ཟུར་ཉན་ལམ་ལུགས་དོན་འཁྱོལ་བྱས་ཤིང་། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ཚན་རིག་ཅན་བཅས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཆེད། ནག་ཆུ་གྲོང་ཁྱེར་གྱིས་སྐོར་ཉན་ཟུར་ཉན་བརྒྱུད་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་བྱེད་སྟངས་བཟང་པོ་དང་ཉམས་མྱོང་བཟང་པོ་ཕྱོགས་ཡོངས་ནས་ཤེས་རྟོགས་དང་ཁྱབ་གདལ་བཏང་སྟེ་ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཕན་འབྲས་མི་འདང་བ་དང་དོན་དངོས་དང་འབྲེལ་བ་དམ་ཟབ་མེད་པ་སོགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ནས་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་གི་རང་རྟོགས་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཆེ་རུ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་ཚད་ལྡན་ཅན་དང་ལམ་ལུགས་ཅན་མཐོ་རུ་བཏང་སྟེ་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པར་སྣེ་ཁྲིད་རྒྱུར་སྔར་བས་དམ་འཛིན་ཡག་པོ་བྱས་པ་རེད།