དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཅིན་ཀྲེང་ཨེན་གྱིས་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་སྐྱོད་ནས་མེ་ཏོག་ཕྲེང་བ་ཕུལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-07-28

     ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་ཟླ་7ཚེས་26ཉིན་མཁོ་འདོན་བྱས་པའི་པར་རིས་འདི་ནི། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱིས་ཁྲའོ་ཞན་མེས་རྒྱལ་བཅིངས་འགྲོལ་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་70འཁོར་བའི་སྐབས་སུ་ཕིང་ཨན་ནན་ཏའོ་ཡི་ཧུད་ཚང་ཅུན་དུ་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་སྐྱོད་ནས་མེ་ཏོག་ཕྲེང་བ་ཕུལ་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧྲོའར་ནས་ཟླ་7ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱིས་ཁྲའོ་ཞན་མེས་རྒྱལ་བཅིངས་འགྲོལ་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་70འཁོར་བའི་སྐབས་འདིར། ཕིང་ཨན་ནན་ཏའོ་ཡི་ཧུད་ཚང་ཅུན་དུ་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་སྐྱོད་ནས་མེ་ཏོག་ཕྲེང་བ་ཕུལ་བ་རེད།

    ཁྲའོ་ཞན་མི་དམངས་དམག་གི་གཟབ་སྦྲེང་རུ་ཁག་གིས་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་རུ་སྟར་བསྒྲིགས་ཤིང་། དེ་ག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་དང་ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་གྲགས་པ་རེད།

    《མེ་ཏོག་འབུལ་གླུའི་རོལ་དབྱངས་ཀྱི་སྒྲ》གྲགས་པ་དང་མཉམ་དུ་ཅིན་ཀྲེང་ཨེན་གྱི་མཚན་ཐོག་ནས་ཕུལ་བའི་མེ་ཏོག་ཕྲེང་བ་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་རྡོ་རིང་མདུན་དུ་བཞག་པ་དང་། མེ་ཏོག་ཕྲེང་བའི་དཔྱངས་དར་ཐོག་ཏུ“ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོ་ནམ་ཡང་མི་ནུབ་པར་གྱུར་ཅིག”ཅེས་བྲིས་ཡོད་པ་རེད།

    ཅིན་ཀྲེང་ཨེན་གྱིས་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོར་ངག་བསྡམས་ནས་མྱ་ངན་ཞུས་པ་དང་སྦྲགས། ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ནང་གི་མའོ་ཨན་དབྱིན་གྱི་བང་སོར་མེ་ཏོག་སོས་པ་ཕུལ་ནས་གུས་འདུད་ཞུས་པ་རེད།

    ཅིན་ཀྲེང་ཨེན་གྱིས། ཁྲའོ་ཀྲུང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཁྲག་དྲོན་ལ་བརྟེན་ནས་བླངས་པའི་རྒྱལ་ཁ་རླབས་པོ་ཆེ་དུས་རབས་བརྒལ་ཡང་སྐྱེ་སྟོབས་ཆེན་པོ་ཇི་སྲིད་བར་གནས་རྒྱུ་ཡིན་ལ། ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོ་ཚོ་ཁྲའོ་ཞན་མི་དམངས་ཀྱི་སེམས་སུ་ནམ་ཡང་གནས་ཡོད། ཁྲའོ་ཀྲུང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཐུན་སྒྲིལ་ལོ་རྒྱུས་དང་སྲོལ་རྒྱུན་དེ་མི་རབས་ནས་མི་རབས་བར་གནས་རྒྱུ་རེད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།