དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • པང་ཅཱ་ཉི་པེ་ཅིང་རླངས་འཁོར་ལྷོ་ཨ་ཧྥེ་རི་ཁའི་བཟོ་གྲྭར་འཚར་ལོངས་བྱུང་བ་དང་ཡིད་ཆེས་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-07-28

     འདི་ནི་ལྷོ་ཨ་ཧྥེ་རི་ཁའི་ཏུང་ཁའེ་པུ་ཞིང་ཆེན་གྱི་པེ་ཅིང་རླངས་འཁོར་ལྷོ་ཨ་ཧྥེ་རི་ཁའི་བཟོ་གྲྭར་པང་ཅཱ་ཉིས་ཚ་ལ་རྒྱག་ཁང་དུ་ལས་ཀ་བྱེད་བཞིན་པ།

     འདི་ལོ་ལོ་45ལ་སླེབས་པའི་ལྷོ་ཨ་ཧྥེ་རི་ཁ་བ་པང་ཅཱ་ཉི་ནི་པེ་ཅིང་རླངས་འཁོར་ལྷོ་ཨ་ཧྥེ་རི་ཁའི་བཟོ་གྲྭའི་སྒྲིག་བཀོད་དང་སྒྲིག་ཆས་འགན་ལེན་ཚོགས་ཆུང་གི་གློག་ལས་བཟོ་པ་ཞིག་རེད། 2018ལོར་ལས་ཀར་འཛུལ་བ་དང་ལྷོ་ཨ་ཧྥེ་རི་ཁའི་ཏུང་ཁའེ་པུ་ཞིང་ཆེན་གྱི་དབྱི་ལི་ཧྲ་པེ་གྲུ་ཁའི་ཁུ་ཧཱ་གསར་སྤེལ་ཁུལ་དུ་ཡོད་པའི་པེ་ཅིང་རླངས་འཁོར་ལྷོ་ཨ་ཧྥེ་རི་ཁའི་བཟོ་གྲྭར་ལས་ཀ་བྱས་ནས་ལོ་ལྔ་འགྲོ་གི་ཡོད། ཐོག་མར་རླངས་འཁོར་ཐོན་སྐྱེད་ཚོགས་ཆུང་གི་སྒྲིག་སྦྱོར་བཟོ་པ་ཞིག་རེད། ལས་ཀའི་ཞོར་དུ་བཟོ་གྲྭས་སྒྲིག་འཛུགས་བྱས་པའི་རྩལ་ནུས་གསོ་སྦྱོང་ལ་ཧུར་ཐག་ཞུགས་རྗེས་2012ལོར་གློག་ལས་བཟོ་པའི་ལག་ཁྱེར་རག་ཡོད། ད་ཆ་པང་ཅཱ་ཉི་ཡིས་ལས་རོགས་བཅུ་དང་མཉམ་དུ་གློག་ཤུགས་སྒྲིག་ཆས་ཉམས་བཟོ་དང་། སྲུང་སྐྱོང་། ཚོད་ལྟ་བཅས་ཀྱི་འགན་འཁུར་གྱི་ཡོད།

    པེ་ཅིང་རླངས་འཁོར་ལྷོ་ཨ་ཧྥེ་རི་ཁའི་བཟོ་གྲྭར་པང་ཅཱ་ཉིར་ལས་རོགས་ཚོའི་ཡིད་ཆེས་ཐོབ་པ་མ་ཟད། ཀྲུང་གོའི་ལག་རྩལ་ཆེ་མོ་བ་ཧྥང་ལུང་གིས་ཁོང་ནི་འགན་སེམས་ཆེ་བ་དང་། སློབ་སྦྱོང་ལ་དགའ་བ། ལས་རོགས་ལ་སེམས་རྩ་འཁོལ་པོས་རོགས་རམ་བྱེད་མཁན་བཅས་རེད་ཅེས་བསྔགས་བརྗོད་བྱས། པང་ཅཱ་ཉིས་པེ་ཅིང་རླངས་འཁོར་ལྷོ་ཨ་ཧྥེ་རི་ཁའི་བཟོ་གྲྭ་ནས་ཆེད་ལས་ཀྱི་ཤེས་བྱ་མང་པོ་ཤེས་བྱུང་ལ། འཕྲུལ་མི་བཀོལ་སྤྱོད་དང་ཉམས་བཟོ་བྱེད་སྟངས་ཀྱང་ཤེས་བྱུང་། ངས་གྲོགས་པོ་གཞན་དག་ཀྱང་པེ་ཅིང་རླངས་འཁོར་ལྷོ་ཨ་ཧྥེ་རི་ཁའི་བཟོ་གྲྭར་འོས་སྦྱོར་བྱས་ཏེ་མཉམ་དུ་ལས་ཀ་བྱེད་རྒྱུ་ཡོང་བའི་རེ་བ་ཡོད་ཅེས་བརྗོད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།