འབྲི་ཆུའི་ཆུ་འགོའི་ཚན་རིག་རྟོག་ཞིབ་ཀྱིས་འབྲི་ཆུའི་ལྷོ་རྒྱུད་ཆུ་འགོའི“ཉ་རིགས་ཨང་དྲུག་པ” ཐོག་མར་ཤེས་རྟོགས་བྱུང་བ།
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། 2023ལོའི་འབྲི་ཆུའི་ཆུ་འགོའི་ཕྱོཌ་བསྡུས་རྟོག་ཞིབ་རུ་ཁག་གིས་འབྲི་ཆུའི་ལྷོ་རྒྱུད་ཆུ་འགོའི་འདམ་ཆུར་ཚན་རིག་རྟོག་ཞིབ་བྱས་ཤིང་། ཆུ་བེད་པུའི་འབྲི་ཆུའི་ཆུ་བེད་ཨུ་ལྷན་འབྲི་ཆུ་ཚན་རིག་ཁང་གི་ཚན་རིག་རྟོག་ཞིབ་རུ་མིས་འདམ་ཆུ་ནས་སེ་ཧྲི་ས་མཐོའི་འདམ་ཉའི་མ་དཔེ་རྙེད་པ་དང་། ཞིབ་འཇུག་བྱས་པ་བརྒྱུད་སེ་ཧྲི་ས་མཐོའི་འདམ་ཉ་ནི་འབྲི་ཆུའི་ལྷོ་རྒྱུད་ཆུ་འགོའི“ཉ་རིགས་ཨང་དྲུག་པ”ཡིན་པ་ར་སྤྲོད་བྱས་ཤིང་། འབྲི་ཆུའི་ལྷོ་རྒྱུད་ཆུ་འགོ་ནས་ཤེས་རྟོགས་བྱུང་བའི་ཉ་རིགས་ཀྱི་རིགས་5ཡོད་པ་ནས་6བར་མང་དུ་ཕྱིན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ས་མཐོའི་འདམ་ཉའི་ཁོངས་སུ་གཏོགས་པའི་ཉ་རིགས་ནི་འདམ་ཉའི་ཉ་རིགས་ཁྲོད་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་ཆེ་ཤོས་ཀྱི་རིགས་ཚོགས་ཤིག་ཡིན་ལ། མཚོ་བོད་ས་མཐོར་དམིགས་བསལ་དུ་ཡོད་པའི་སྐྱེ་དངོས་ཀྱི་གྲངས་འབོར་མང་ཤོས་ཀྱི་རིགས་ཤིག་ཀྱང་ཡིན་པ་དེར་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་དང་མགྱོགས་མྱུར་འཕེལ་འགྱུར་གྱི་ཁྱད་ཆོས་ལྡན་ཡོད།
ཉ་རིཌ་ནི་འབྲི་ཆུའི་ཆུ་འགོའི“སྐྱེ་ཁམས་ཁོར་ཡུག་གི་ཆར་བརྟག་ཡོ་བྱད”ལྟ་བུ་ཡིན་ཞིང་། “འབྲི་ཆུའི་ལྷོ་རྒྱུད་ཆུ་འགོར་སེ་ཧྲི་ས་མཐོའི་འདམ་ཉ་ཤེས་རྟོཌ་བྱུང་བ་དེ་ཐོག་ནས་འབྲི་ཆུའི་ཆུ་འགོའི་སྐྱེ་ཁམས་མ་ལག་སྐྱོན་བྲལ་དང་རྒྱུན་མཐུད་ངང་ལེཌ་སུ་ཕྱིན་པ་གསལ་བཤད་ཐུབ་ཡོད་ལ། ཉ་རིགས་ཀྱི་སྣ་མང་རང་བཞིན་དེ་བས་མང་དུ་འགྲོ་བཟོ་ཡོད” འབྲི་ཆུའི་ཚན་རིག་ཁང་ཆུ་འགོའི་འགག་རྩའི་ཉ་རིཌ་འཚོ་གནས་ཞིབ་འཇུག་གསར་གཏོད་ཚོཌ་པའི་འགན་འཁུར་བ་ལི་ཝུའེ་ཡིས་ཞིབ་འཇུག་ཚོཌ་པས་སྐྱེ་ཁམས་ཆུ་དཔྱད་དང་འཚམ་མཐུན་རང་བཞིན་གྱི་ཟུར་ཚད་ཐོག་ནས་གཙང་གསུམ་ཆུ་འགོའི་ཉ་རིགས་ཀྱི་གྲུབ་ཆ་དང་། ཁྱབ་ཚུལ། འཚོ་གནས་བྱ་ཡུལ་བཅས་ལ་སྔར་བས་ཞིབ་འཇུག་བྱེད་ཀྱི་ཡིན་ཞེས་བཤད།