དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • དབྱི་རན་གྱི་འཐུས་མི་ཚོགས་པ་ཁྲེང་ཏུའུ་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་ལ་ཞུགས་པའི་རྡོག་ཐོན་མཛད་སྒོ་ཐེ་ཧེ་རན་དུ་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-07-27

    ཁྲེང་ཏུའུ་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་ལ་ཞུགས་པའི་དབྱི་རན་གྱི་འཐུས་མི་ཚོགས་པ་རྡོག་ཐོན་མཛད་སྒོ་ཚེས་22ཉིན་ཐེ་ཧེ་རན་དགེ་འོས་སློབ་ཆེན་གྱི་ཚོགས་ཁང་དུ་འཚོགས་པ་རེད།

    དབྱི་རན་ཚན་ཞིབ་ལག་རྩལ་པུའི་པུའུ་ཀྲང་ཙུའོ་ཧྥེ་ཀེར་དང་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་པ་ཤིས་ལི་ཨན་སོགས་ཉིན་དེའི་མཛད་སྒོར་ཞུགས་མཁན་དབྱི་རན་གྱི་དཔོན་རིགས་ཀྱིས། ཀྲུང་གོས་དེ་སྔ་ཨོ་རྩལ་འགྲན་ཚོགས་དང་། ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས། སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་སོགས་རྒྱལ་སྤྱིའི་ལུས་རྩལ་འགྲན་བསྡུར་ཆེ་གྲས་གྲུབ་འབྲས་ཐོབ་པའི་ངང་གཉེར་མྱོང་ཡོད། ཁྲེང་ཏུའུ་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་ལའང་ཐུན་མོང་མ་ཡིན་པའི་ངོ་མཚར་ལྡན་ངེས་ཡིན་པའི་ཡིད་ཆེས་ཡོད། དབྱི་རན་ཕྱོགས་ཀྱིས་ཁྲེང་ཏུའུ་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་ལ་ཚད་མཐོའི་མཐོང་ཆེན་བྱས་ཡོད་ལ་འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ་ཚོས་ཀྱང་གྲ་སྒྲིག་ཨང་བསར་བྱས་ཡོད། སྐབས་འདིའི་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་ལ་གྲུབ་འབྲས་ཡག་པོ་ཐོབ་པ་དང་ཆབས་ཅིག་མཛའ་གྲོགས་ཀྱང་ཐོབ་པའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    སྐབས་འདིའི་ཁྲེང་ཏུའུ་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་ནང་དབྱི་རན་གྱི་འཐུས་མི་ཚོགས་པས་མདའ་དང་། སྦེ་ག ཕའེ་ཆིའུ་སྤོ་ལོ། ཚ་ཁ། ཕིང་ཕང་སྤོ་ལོ། ཐའེ་ཆོན་དྲག་རྩལ། མཆོང་རྒྱུག་འཕེན་གསུམ། གྲི་རྩལ་སོགས་རྣམ་གྲངས་ཀྱི་ལུས་རྩལ་རུ་ཁག་11གི་ལུས་རྩལ་པ་88བཏང་བའི་ནང་བུད་མེད་ལུས་རྩལ་པ་30དང་སྐྱེས་པའི་ལུས་རྩལ་པ་58ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།