དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕོ་ལན་གྱི་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིས་བརྗོད་དོན།

    ཁྲེང་ཏུའུ་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་ལས་མཛའ་གྲོགས་དང་མཉམ་ལས་ཐོབ་པའི་རེ་སྒུག་བྱེད་ཀྱི་ཡོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-07-27

    ཉིན་ཤས་གོང་ཕོ་ལན་གྱི་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཨ་ལུའོ་དབྱི་ཆི·ནུའོ་ཝ་ཁེས་ད་ཐེངས་ཀྱི་ཁྲེང་ཏུའུ་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་ལ་ཞུགས་རིང་ཕོ་ལན་གྱི་ལུས་རྩལ་པས་གཟེངས་བསྟོད་རྟགས་མ་བརྩོན་ལེན་བྱེད་རྒྱུ་མ་ཟད། འཛམ་གླིང་རྒྱལ་ཁབ་ཁག་དང་ས་ཁུལ་ཁག་གི་ལུས་རྩལ་པའི་མཛའ་གྲོགས་དང་མཉམ་ལས་ཟབ་ཏུ་གཏོང་རྒྱུའི་རེ་སྒུག་ཀྱང་བྱེད་ཀྱི་ཡོད་ཅེས་བརྗོད།

    “ཐོག་མར་དེ་ནི་རྩལ་འགྲན་ཞིག་ཡིན་པས་ང་ཚོར་གཟེངས་བསྟོད་རྟགས་མ་20ཙམ་ཐོབ་པའི་གོ་སྐབས་ཡོད་ལ། ང་ཚོའི་དམིགས་ཚད་གཞན་ཞིག་ནི་རྒྱལ་ཁབ་ཁག་དང་ས་ཁུལ་གྱི་སློབ་གྲྭ་ཆེ་མོ་བའི་དབར་གྱི་མཛའ་གྲོགས་དང་མཉམ་ལས་ཟབ་ཏུ་གཏོང་རྒྱུ་དེ་ཡིན”ཞེས་ནུའོ་ཝ་ཁེས་རུ་སྣེ་ཁྲིད་ནས་ཁྲེང་ཏུའུ་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་སུ་མ་ཞུགས་གོང་ཝར་སོར་གསར་འགོད་པར་དེ་ལྟར་བརྗོད།

    ནུའོ་ཝ་ཁེས་ཁྲེང་ཏུའུ་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་ཀྱི་སྒྲིག་འཛུགས་ལས་དོན་ལ་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད། “ང་ཚོ་དང་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་ཀྱི་སྒྲིག་འཛུགས་ཨུ་ལྷན་དབར་མཉམ་ལས་ཡག་པོ་བྱས་པས་ང་ལ་ཁྲེང་ཏུའུ་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་ཐུགས་གྲ་ལེགས་འགྲིག་ཡོང་བའི་ཡིད་ཆེས་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།