དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཁོང་ཀོ(ཅིན)ལ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་ཁག་ཉེར་དྲུག་པའི་དཔོན་དམག་ཡོངས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི“ཞི་བདེའི་གཟེངས་རྟགས”ཐོབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-07-27

    ཚེས་25ཉིན་ཁོང་ཀོ(ཅིན)ལ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་ཁག་ཉེར་དྲུག་པའི་དཔོན་དམག་ལ་ཁོང་ཀོ(ཅིན)ནན་ཅི་ཝུའུ་ཞིང་ཆེན་གྱི་པུ་ཁ་ཝུའུ་གྲོང་ཁྱེར་དུ་ཡོད་པའི་ཀྲུང་གོའི་ཕྱེད་གླིང་སྒར་ཁུལ་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི“ཞི་བདེའི་གཟེངས་རྟགས”སྤྲད་པ་རེད།

    ཁོང་ཀོར(ཅིན)བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བརྟན་ལྷིང་ཆེད་མངགས་ཐོན་ཤོག་གི་འཐུས་མི་མང་པོ་ཞིག་གཟེངས་རྟགས་སྤྲོད་པའི་མཛད་སྒོར་ཞུགས་ཡོད། ཁོང་ཀོ(ཅིན)རུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བརྟན་ལྷིང་ཆེད་མངགས་ཐོན་ཤོག་གི་ལྷོ་ཕྱོགས་འཐབ་ཁུལ་གྱི་ལས་ཚབ་དམག་སྤྱི་ཝ་ཁར་གྱིས་ཤིས་ཚིག་སྒྲོན་པ་དང་། ཁོང་གིས་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེའི་དཔོན་དམག་གིས་ཞི་བདེ་སྲུང་མཁན་རྒན་རབས་ཚོའི་ལེགས་སྐྱེས་འབུལ་ཕོད་པ་དང་འཆི་རྒྱུར་མི་སྐྲག་པའི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་ནས་ཁོང་ཀོ(ཅིན)ཡི་ཞི་བདེ་དང་འཕེལ་རྒྱས་སྲུང་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ནས་ས་གནས་དེའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་ཕྱིན་ཡོད་ཅེས་བརྗོད།

    ཁོང་ཀོ(ཅིན)ལ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་ཁག་ཉེར་དྲུག་པ་ནི་བཟོ་སྐྲུན་ཡན་ལག་དཔུང་སྡེ་དང་སྨན་བཅོས་ཡན་ལག་རུ་ཁག་ལས་གྲུབ་པ་ཞིག་ཡིན་པ་དང་། 2022ལོའི་ཟླ་དགུ་པར་འགན་འཁྲི་སྒྲུབ་ཁུལ་དུ་བཀོད་སྒྲིག་བྱས་ཚུན་བཟོ་སྐྲུན་ཡན་ལག་དཔུང་སྡེས་ལས་གྲྭའི་ལས་འགན་ཁག་32དང་ལས་གྲྭ་རྩད་ཞིབ་ཁག་26ལེགས་སྒྲུབ་བྱས་པ་དང་། སྨན་བཅོས་ཡན་ལག་རུ་ཁག་གནས་སའི་ཀྲུང་གོའི་རིམ་པ་གཉིས་པའི་སྨན་ཁང་དུ་རིམ་རྩིས་བྱས་ན་མི་ཐེངས་736ལ་སྨན་བཅོས་བྱས་པ་དང་གཤགས་བཅོས་ཐེངས་79བྱས་ནས་པུའུ་ཁཱ་ཝུར་ཡོད་པའི་ཁོང་ཀོ(ཅིན)རུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བརྟན་ལྷིང་ཆེད་མངགས་ཐོན་ཤོག་གི་ལས་དོན་པ་4000ལྷག་ཙམ་ལ་སྨན་བཅོས་ཀྱི་འགན་ལེན་ཡག་པོ་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།