དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཨ་ཧྥེ་རི་ཁར་དམིགས་སའི་རང་བཞིན་ལྡན་པའི་རོགས་རམ་སྔར་ལས་མང་བ་བྱེད་དགོས་པའི་འབོད་སྐུལ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-07-26

    ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་7ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་ཚབ་གཞོན་པ་ཏའེ་པིང་གིས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་དངོས་ཡོད་གནས་ཚུལ་དང་དམིགས་བསལ་དགོས་མཁོ་ཤེས་རྟོགས་གཏིང་ཟབ་བྱས་ཏེ། ཨ་ཧྥེ་རི་ཁས་རང་བདག་གདམ་ག་བྱས་པའི་འཕེལ་རྒྱས་འགྲོ་ལམ་དང་འཕེལ་རྒྱས་གཏོང་སྟངས་དང་ཟུང་འབྲེལ་བྱས་ནས་དམིགས་སའི་རང་བཞིན་ལྡན་པའི་རོགས་རམ་སྔར་ལས་མང་བ་བྱེད་དགོས་ཞེས་བརྗོད་པ་རེད།

    ཉིན་དེར་ཏའེ་པིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ཀྱི་ཁེ་ཕན་མང་བའི་འབྲེལ་ཡོད་ཕྱོགས་ཀྱི་མཉམ་སྒུལ་གླེང་མོལ་ཚོགས་འདུར་གཏམ་བཤད་སྤེལ་སྐབས། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་མ་དངུལ་དང་། ལག་རྩལ། ནུས་པ་བཅས་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱལ་སྤྱིའི་དངུལ་རྩའི་སྒྲིག་གཞིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་གཟིགས་སྐྱོང་མ་དངུལ་སྔར་ལས་མང་བ་མཁོ་འདོན་བྱེད་དགོས་ཞེས་བརྗོད་པ་རེད།

    ཏའེ་པིང་གིས། ད་ལྟ་ལག་བསྟར་བྱེད་བཞིན་པའི་རྒྱལ་སྤྱིའི་དངུལ་རྩའི་མ་ལག་ཁྲོད་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་མ་རྩ་མཉམ་འདྲེས་ཀྱི་ཐབས་ལམ་རྒྱ་ཆེན་པོ་མེད་པ་དང་དངུལ་བུན་གཡར་བའི་མ་གནས་མཐོ་བ་མ་ཟད། ད་དུང་དར་རྒྱས་ཆེ་བའི་དཔལ་འབྱོར་སྒྲིག་གཞིའི་དངུལ་ལོར་སྲིད་ཇུས་ལ་ལེགས་སྒྲིག་བྱས་ནས་ཐོན་པའི་ཤུགས་རྐྱེན་ངན་པ་ཡང་ཕོག་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིའི་བསམ་འཆར་ལ་རྒྱབ་སྐྱོར་བྱས་ཏེ། རྒྱལ་སྤྱིའི་དངུལ་རྩའི་སྒྲོམ་གཞིའི་སྒྱུར་བཅོས་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ལྷག་དོན་དུ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་དེ་ནས་དངོས་འབྲེལ་ཕན་པ་འཐོབ་པར་བྱེད་དགོས་ཞེས་བརྗོད་པ་རེད།

    ད་དུང་ཁོང་གིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་གཞོན་ནུའི་སློབ་གསོ་དང་ལས་རིགས་ལག་རྩལ་སློབ་གསོར་ཤུགས་སྣོན་རྒྱག་རོགས་བྱས་ཏེ། ཨ་ཧྥེ་ཁའི་འཕེལ་རྒྱས་ལ་ཤེས་ལྡན་པ་སྔར་ལས་མང་བ་གསོ་སྐྱོང་བྱེད་དགོས་པར་གཞིགས་ནས། ཨ་ཧྥེ་རི་ཁའི་རང་རྟེན་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་དགོས་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།