ཧན་གོའི་ཧྲོའར་དུ་མི་རྣམས་ཀྱིས་སྦྱར་ཡིག་ཁྱེར་ནས་དམག་འཁྲུག་ལ་ངོ་རྒོལ་བྱེད་པའི་ཁྲོམ་སྐོར་ལ་ཞུགས་པ།
ཟླ་7ཚེས་22ཉིན། ཧན་གོའི་དམངས་ཁྲོད་ཚོགས་པས་ཧྲོའར་གྲོང་ཁྱེར་གྱི་ལྟེ་གནས་སུ“དམག་མཚམས་བཞག་ནས་ལོ་70འཁོར་བའི་ཁྲའོ་ཞན་ཕྱེད་གླིང་གི་ཞི་བའི་བྱ་སྤྱོད”ཀྱི་དམག་འཁྲུག་ལ་ངོ་རྒོལ་བྱེད་པའི་ཁྲོམ་སྐོར་བྱེད་སྒོ་སྤེལ་ཏེ། ཧན་གོ་དང་། ཨ་རི། རི་པིན་བཅས་ཀྱིས་དམག་དོན་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་ངོ་རྒོལ་བྱས་ནས་ཕྱེད་གླིང་དུ་དམག་དོན་ཛ་དྲག་བཟོ་བའི་བྱེད་སྤྱོད་མཚམས་བཞག་སྟེ་ཞི་བདེ་མཉམ་གནས་དང་མཉམ་ལས་གཉིས་ཁེའི་ཨེ་ཤེ་ཡ་གཏོད་པའི་རེ་འབོད་བྱས་པ་རེད། འདི་ནི་ཟླ་7ཚེས་22ཉིན་ཧན་གོའི་ཧྲོའར་དུ་མི་རྣམས་ཀྱིས་སྦྱར་ཡིག་ཁྱེར་ནས་དམག་འཁྲུག་ལ་ངོ་རྒོལ་བྱེད་པའི་ཁྲོམ་སྐོར་ལ་ཞུགས་པ།