དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཛམ་གླིང་སློབ་འབྲིང་སློབ་མའི་རྐང་རྩེད་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་མོ་རོ་ཁོར་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-07-26

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ར་པ་ཐེ་ནས་ཟླ་7ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན་གྱི་དགོང་མོར་2023ལོའི་འཛམ་གླིང་སློབ་འབྲིང་སློབ་མའི་རྐང་རྩེད་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་མོ་རོ་ཁོའི་རྒྱལ་ས་ར་པ་ཐེ་རུ་འགོ་ཚུགས་པ་རེད།

    སྐབས་འདིའི་ལེགས་སྐྱེས་འགྲན་བསྡུར་ཟླ་8ཚེས་1ཉིན་བར་རྒྱུན་མཐུད་ནས་བྱེད་ཀྱི་ཡོད་ཅིང་། འགྲན་བསྡུར་དེར་སྐྱེས་པའི་སློབ་གྲྭའི་རུ་ཁག་དང་བུ་མོའི་སློབ་གྲྭའི་རུ་ཁག་གི་ཚོགས་ཆུང་གཉིས་བཀོད་སྒྲིག་བྱས་ཡོད། རྒྱལ་ཁབ་དང་ས་ཁུལ་27གྱི་སྐྱེས་པའི་རུ་ཁག་29དང་བུ་མོའི་རུ་ཁག་18འགྲན་བསྡུར་ལ་ཞུགས་ཡོད། ལུས་རྩལ་བའི་གཞི་ཁྱོན་མི་1200ཟིན་ཡོད།

    འཛམ་གླིང་སློབ་འབྲིང་སློབ་མའི་རྐང་རྩེད་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་ནི་རྒྱལ་སྤྱིའི་སློབ་འབྲིང་སློབ་མའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལོ་18མན་གྱི་མཐོ་རིམ་སློབ་འབྲིང་གི་སློབ་མའི་ཚོགས་སྤྱིར་ཕྱོགས་པ་ཞིག་དང་། 1972ལོ་ནས་བཟུང་འགྲན་བསྡུར་སྐབས་26གྲུབ་འབྲས་ཐོབ་པའི་ངང་གཉེར་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོར་2024ལོ་དང་། 2026ལོ། 2028ལོ་བཅས་རྒྱལ་སྤྱིའི་སློབ་འབྲིང་སློབ་མའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྐང་རྩེད་སྤོ་ལོའི་འཛམ་གླིང་བུམ་པའི་འགྲན་བསྡུར་སྐབས་གསུམ་བསྟུད་མར་གཉེར་བའི་དབང་ཆ་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།