དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེས་བརྗོད་དོན།

    རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་ཉེན་ཁ་འཕྲད་པས་རྒྱལ་ཁབ་ཁག་གིས་བྱ་སྤྱོད་སྤེལ་བར་ཤུགས་སྣོན་རྒྱག་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-07-26

    ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་འཛམ་གླིང་གི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བ་དང་བར་ཐག་རིང་པོ་ཆོད་པའི་ཐ་ཚིག་བསྒྲགས་པ་དང་། ཁོང་གིས་རྒྱལ་ཁབ་ཁག་གིས“2023ལོར་བྱས་རྗེས་འཇོག་ཐུབ་པར་བྱས་ཏེ”ད་ལྟ་ནས་བྱ་སྤྱོད་ཧུར་ཐག་སྤེལ་དགོས་པའི་འབོད་སྐུལ་བྱས་པ་རེད།

    ཀུ་ཐེ་ལེ་སིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་མཐོ་རིམ་ཆབ་སྲིད་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུའི་འགོ་ཚུགས་མཛད་སྒོར། མིག་སྔར“རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་ཕྱེད་ཀ་ཡན་གྱི་འཕེལ་རིམ་འགོར་བ་སོགས་དམིགས་ཚད་གྱི་སུམ་ཆ་གཅིག་ཙམ་རྗེས་སུ་ལུས་ཡོད”ཅེས་བརྗོད་པ་རེད།

    ཀུ་ཐེ་ལེ་སིས། དྲོད་ཁང་གི་རླངས་གཟུགས་འབུད་ཚད་མུ་མཐུད་མཐོ་རུ་ཕྱིན་པ་དང་། ཧ་ཅང་འདྲ་མཉམ་མིན་པའི་སྣང་ཚུལ་སྔར་བཞིན་གནས་པ། བཀྲེས་ལྟོགས་ཀྱི་སྣང་ཚུལ་2005ལོའི་ཆུ་ཚད་དུ་ལོག་པ་བཅས་ཀྱི་མིག་སྔའི་འཕེལ་རིམ་གཞིར་བཟུང་། 2030ལོར་སླེབས་སྐབས་མི་དུང་ཕྱུར་6ཙམ་གྱི་འཚོ་བ་སྔར་བཞིན་དབུལ་ཕོངས་ཀྱི་གནས་སུ་གྱར་གྱི་ཡོད་ཅེས་བརྗོད་པ་དང་། ཁོང་གིས་ཏོག་གསར་རིམས་ནད་དང་། ཉིན་བཞིན་ཚབས་ཆེར་འགྲོ་བའི་གནམ་གཤིས་ཀྱི་ཉེན་ཁ། ཁྱབ་རྒྱ་ཆེ་བའི་གདོང་ཐུག་སོགས་ཀྱིས་ནུས་མེད་དང་ཚད་ཡོད་ཀྱི་འཕེལ་རིམ་ལ་འགོག་རྐྱེན་ཚབས་ཆེན་བཟོས་ཡོད་ཅེས་བརྗོད་པ་རེད།

    ཁོང་གིས་མིག་སྔར་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དམིགས་ཚད་ཀྱི་མ་དངུལ་མི་འདང་བ་གྲངས་འབོར་རིམས་ནད་གོང་གི་ཨ་སྒོར་དུང་ཕྱུར་ཁྲི་2.5ནས་ཨ་སྒོར་དུང་ཕྱུར་4.2བར་མང་དུ་ཕྱིན་ཡོད་ཅེས་ཐ་ཚིག་བསྒྲགས་པ་རེད།

    ཀུ་ཐེ་ལེ་སིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཕྲལ་དུ་མཐུན་སྦྱོར་བྱ་སྤྱོད་སྤེལ་དགོས་པའི་ལྕག་སྐུལ་བྱས་པ་དང་། ཁོང་གིས་རྒྱལ་ཁབ་ཁག་གིས་ཟླ་9པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་དབུ་ཚོགས་ལ་འཆར་གཞི་དང་ཁས་ལེན་དམ་བཅའ་ཁ་གསལ་བཞག་ནས། 2030ལོའི་གོང་རང་རྒྱལ་ཁབ་ཀྱི་བྱ་སྤྱོད་ལ་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།