དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་རྨ་ལྷོས“རི་ཆུ་འཛོམས་པའི་རྨ་ལྷོ”ཞེས་པའི་བཀྲག་མདངས་འཚེར་བའི་མིང་བྱང་བཏོད་པ།

  •     སྤེལ་དུས།  2023-07-26

     མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་གཏིང་ཟབ་བསྟར་བ་དང“སྔོན་གཅིག་མཐོ་གཉིས”ཀྱི་འཐབ་ཇུས་དོན་འཁྱོལ་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། སྐྱེ་ཁམས་ཀྲོའུ་འཛུགས་པ་དང་སྐྱེ་ཁམས་སྔོན་སྐྱོང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཅིག་འདོམས་མཐའ་འཁྱོངས་བྱས་པའི་རྨང་གཞིའི་ཐོག “རི་ཆུ་འཛོམས་པའི་རྨ་ལྷོ”ཞེས་པའི་བཀྲག་མདངས་འཚེར་བའི་མིང་བྱང་ཚད་གཞི་མཐོ་པོས་བཏོད་པ་དང་།“ཁུལ་གསུམ་འཛུགས་སྐྲུན”གྱི་འཕེལ་རྒྱས་ཐབས་ལམ་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་ཏན་ཏིག་བཏང་བས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།

    “ང་ཚོས་རི་སྔོན་ཆུ་དྭངས་ཀྱི་གཞི་རྩ་མུ་མཐུད་བརྟན་དུ་གཏོང་བ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་གཏོང་བ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ཏེ།‘རི་བོ་གཉིས’ཀྱི་རིན་ཐང་གཏོད་ལམ་གང་མགྱོགས་གཞན་སྒྱུར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག སྐྱེ་ཁམས་སྔོན་སྐྱོང་དང་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ཕྱོགས་སྟོན་མཐའ་འཁྱོངས་དང་། ཐོན་ཁུངས་དང་། ཚན་རྩལ། ཤེས་ལྡན་པ། མ་དངུལ། ཐོན་ལས་སོགས་ཀྱི་རྒྱུ་རྐྱེན་གཙོ་བོར་སྤྱི་འདོམས་འགན་ལེན། སྐྱེ་ཁམས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཚད་བཅས་བྱས་ཏེ། ས་གནས་ཀྱི་ཁྱད་ཆོས་དང་མཐུན་པའི་ཐོན་སྐྱེད་འཕེལ་རྒྱས་དང་། ལྟོ་གོས་འཛོམས་པ། སྐྱེ་ཁམས་བཟང་བ་བཅས་ཀྱི་སྐྱེ་ཁམས་ཤེས་དཔལ་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱེད་ཀྱི་ཡིན”ཞེས་རྨ་ལྷོ་ཀྲོའུ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཕིང་གིས་གསར་འགོད་པར་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།