དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་རྒྱལ་ཁབ་ལ་དབང་བའི་མ་འཇོག་ལས་གཉེར་ཚད་ཡོད་ཀུང་སིས།

    སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་བཏང་སྟེ་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-26

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་འགོ་ཚུགས་ཚུན། བོད་ལྗོངས་རྒྱལ་ཁབ་ལ་དབང་བའི་མ་འཇོག་ལས་གཉེར་ཚད་ཡོད་ཀུང་སིས་གོང་ནས་འོག་བར་མི་ཚང་མ་སྐུལ་སློང་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱིའི་བླང་བྱར་དམ་པོར་དམིགས་ནས། བརྗོད་དོན་གཙོ་བོའི་སློབ་གསོའི་རྣམ་པ་ཟམ་མི་ཆད་པར་གསར་གཏོད་དང་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་། དོན་འཁྱོལ། གཟབ་ནན། ཞིབ་ཕྲ་བཅས་ཡོང་བར་སྐུལ་འདེད་བཏང་ཡོད།

    བོད་ལྗོངས་རྒྱལ་ཁབ་ལ་དབང་བའི་མ་འཇོག་ལས་གཉེར་ཚད་ཡོད་ཀུང་སིས“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག”བཅས་ཀྱི་སྤྱིའི་བླང་བྱར་དམིགས་ཏེ། སློབ་སྦྱོང་གི་འཆར་གཞི་ཞིབ་ཚགས་བཟོས་ནས་སློབ་སྦྱོང་གི་ཕན་འབྲས་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་བ་དང་། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་ཀུང་སིས་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་སློབ་སྦྱོང་དང་། ཀྲི་པུའུ་ཡིས་མཉམ་དུ་སྦྱོང་བ། ས་གནས་ས་ཐོག་ཏུ་སློབ་ཁྲིད། རིམ་དབྱེའི་ཞིབ་འཇུག་སློབ་ཁྲིད། མི་སྒེར་གྱིས་རང་སྦྱོང་བཅས་ཀྱི་བྱ་ཐབས་སྤྱད་དེ་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་བཏང་བ་མ་ཟད། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་དེ་གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་འཕེལ་རྒྱས་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་ཏན་ཏིག་དང་། དམིགས་ཚད་ལས་འགན་ལེགས་སྒྲུབ། གཉེར་སྐྱོང་དང་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་དང་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། རྩེ་རིམ་ཇུས་འགོད་དང་། བར་གནས་ལྷུ་ཚིགས། དག་ཐེར་བཅོས་སྒྲིག་བཅས་ལ་དམ་འཛིན་ཡག་པོ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།