དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས།

    ཆེད་དོན་ཏང་གི་སློབ་ཚན་ཡག་པོ་འཚོགས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-26

    ཉེ་དུས་འཚོགས་པའི་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་ཏང་གི་སློབ་ཚན་ཐོག རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གིས་ཆེད་དོན་ཟུར་ཁྲིད་གནང་བ་དང་། ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་རང་བརྩི་དང་། རང་སྐུལ། རང་གཟབ་བཅས་བྱས་ནས། བློ་དཀར་སེམས་་དཀར་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ཆབ་སྲིད་ཀྱི་རང་གཤིས་ནམ་ཡང་གནས་པར་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

    ཆེད་དོན་ཏང་གི་སློབ་ཚན་ཡག་པོ་འཚོགས་པར་ངེས་པར་དུ་སྔོན་ལ་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་གཏིང་ཟབ་བྱེད་དགོས། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ཚན་ཁག་ཁོངས་མི་དང་། ཨུ་ལྷན་ལས་ཁུངས་ཀྱི་སྡེ་ཚན་ཁག་གི་འགན་འཁུར་བ། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་བཅའ་སྡོད་བྱ་རྒྱུར་མངགས་པའི་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་ཁག་གི་ཙུའུ་ཀྲང་བཅས་ཀྱིས་སློབ་སྦྱོང་སློབ་གསོ་དེ་གནས་བབ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་དང་། མ་རྩོམ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་ལ་བརྟེན་ནས་ཀྲུང་དབྱང་དང་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དང་ལྗོངས་ཏང་ཨུད་ཀྱི་དགོངས་དོན་ཁོང་དུ་ཆུད་པར་བྱས་ཏེ། ཆེད་དོན་ཏང་གི་སློབ་ཚན་ཡག་པོ་འཚོག་རྒྱུར་བསམ་བློའི་རྨང་གཞི་བརྟན་པོ་བཏིང་ཡོད། དེ་དང་ཆབས་ཅིག་དམིགས་སའི་རང་བཞིན་གྱི་ཆེད་དོན་ཏང་གི་སློབ་ཚན་འཚོགས་ནས། སྒྲིག་བཤེར་ལྟ་ཞིབ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་རིགས་གཙོ་གནད་ཐོག་ཡག་པོ་བརྗོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་ལག་ལེན་དང་ལས་དོན་ལ་སྐུལ་འདེད་གཏོང་རིང་གནས་པའི་ཧེ་བག་ཡག་པོ་བརྗོད་ནས། དེའི་ཁྲོད་གནད་དོན་ཐག་གཅོད་ཀྱི་བསམ་ཕྱོགས་དང་དཀའ་ངལ་སེལ་བའི་ཐབས་ཤེས་བཟང་པོ་བཙལ་ཏེ། སྤྱོད་ཚུལ་བཟང་པོ་ཆགས་པ་དང་འགན་སྒྲུབ་ནུས་པ་ཆེ་རུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།