རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས།
འཐུས་མི་དང་ཨུ་ཡོན“འཛུགས་གཏོད་བཞིར”ཞབས་འདེགས་ཞུ་བའི་ལས་དོན་ལ་ལྟ་ཞིབ་བྱེད་པར་གདན་དྲངས་པ།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བར་སྐུལ་འདེད་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་ཁྲིམས་ཁང་གི་ལས་དོན་ལ་ལྟ་སྐུལ་བྱ་རྒྱུར་རང་འགུལ་ངང་དང་ལེན། དུས་རབས་གསར་པའི་མི་དམངས་ཁྲིམས་ཁང་གི་ལས་དོན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེ་ཤོས་གཅིག་སྒྲིལ་བཅས་བྱ་ཆེད། ཉེ་ཆར་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས“‘འཛུགས་གཏོད་བཞིར’ཞབས་འདེགས་ཞུ་བའི་ལས་དོན་ཐད་འཐུས་མི་དང་ཨུ་ཡོན་གྱིས་ཁྲིམས་ཁང་ལ་ལྟ་ཞིབ་བྱེད་པར་དཔང་པོ་བྱེད་པའི”བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་རྒྱལ་ཡོངས་དང་། རང་སྐྱོང་ལྗོངས་རིམ་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཀྱི་ཨུ་ཡོན་བཅས་20ལྷག་ཙམ་གྱིས་གདན་ཞུས་ལྟར་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་གཏུག་བཤེར་ཞབས་ཞུའི་ལྟེ་གནས་དང་། དཔེ་དེབ་ལྟ་ཀློག་ཁང་། ལོ་རྒྱུས་ཁང་། ལག་བསྟར་བཀོད་འདོམས་ལྟེ་གནས། གཅིག་སྡུད་ཚོད་འཛིན་ལྟེ་གནས། བློ་རིག་ཁྲིམས་ཁང་སོགས་ལ་ལྟ་ཞིབ་བྱས་པ་མ་ཟད། བཞུགས་མོལ་ཡང་བྱས་པ་རེད།
བཞུགས་མོལ་ཚོགས་འདུའི་ཐོག མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ལས་དོན་གནས་ཚུལ་གྱི་ངོ་སྤྲོད་ཉན་པ་མ་ཟད། ཁྲིམས་འཛིན་འདྲི་གཅོད་དང་དཔུང་ཁག་འཛུགས་སྐྱོང་སོགས་ཐད་ཐབས་དང་ཇུས་ཧུར་ཐག་བཏོན་པ་རེད།