དབུ་ཤོག
  • ཚང་མས་ཡིད་གཟབ་གནང་དང་། ས་ཆ་མང་པོར་ཆར་པ་ཆེན་པོ་འབབ་རྒྱུ་རེད་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2023-07-25

    2023ལོའི་ཟླ་7ཚེས་24ཉིན། བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་དྲག་ཆར་འབབ་རྒྱུའི་ཉེན་བརྡ་སྔོན་པོ་བཏང་འདུག

    ཚེས་24ཉིན་གྱི་ཆུ་ཚོད་20ནས་ཚེས་25ཉིན་གྱི་ཆུ་ཚོད་20བར། གཞིས་རྩེ་དང་། ལྷ་ས། ནག་ཆུ། ཉིང་ཁྲི་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་རེད། དེའི་རིང་། བསམ་གྲུབ་རྩེ་དང་། བཞད་མཐོང་སྨོན། རྣམ་གླིང་། རྒྱལ་རྩེ། པ་སྣམ། རིན་སྤུངས། འདམ་གཞུང་། ལྷུན་གྲུབ། མལ་གྲོ་གུང་དཀར། འབྲི་རུ། སོག་རྫོང་། ལྷ་རི། མེ་ཏོག་སོགས་ཀྱི་ཤང་དང་གྲོང་རྡལ་ཁ་ཤས་སུ་ཆར་པ་ཆེན་པོ(ཧའོ་སྨི25~49.9)བབ་རྒྱུ་རེད་འདུག གོང་དུ་བརྗོད་པའི་ས་ཆ་ཁ་ཤས་སུ་ཉིན་གུང་ཡོལ་རྗེས་འབྲུག་ཆར་དང་། རླུང་ཆེན། སེར་བ། དུས་ཐུང་ནང་ཆར་པ་ཆེན་པོ་བབ་པ་སོགས་ཀྱི་གནམ་གཤིས་ཐོན་སླ་པོ་ཡོད།

    སྔོན་འགོག་བྱེད་ཐབས།

    གཅིག ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ཡོད་སར་ལྟ་ཞིབ་ཚད་ལེན་དང་སྐོར་ཞིབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དྲག་ཆར་གྱིས་རྐྱེན་པས་ཆུ་བོ་འབྲིང་ཆུང་གི་ཆུ་ལོག་དང་། ཆུ་ལོག་གི་ས་གཤིས་གནོད་འཚེ། དེ་བཞིན་གྲོང་ཁྱེར་དང་གྲོང་གསེབ་དུ་འཁྱིལ་ཆུའི་གནོད་སྐྱོན་སོགས་ཞོར་ཐོན་གནོད་ཚེར་དོགས་ཟོན་བྱེད་དགོས། 

    གཉིས། ཉིན་གུང་ཡོལ་རྗེས་གློག་འཁྱུག་ཐོག་རྒྱག་དང་སེར་བ་འབབ་པ་དང་། དུས་ཐུང་ནང་ཆར་པ་ཆེན་པོ་འབབ་པ་སོགས་གནམ་གཤིས་ཀྱིས་འགྲིམ་འགྲུལ་བདེ་འཇགས་དང་ཕྱི་རོལ་གྱི་བྱེད་སྒོར་གནོད་སྐྱོན་མི་ཐོན་པའི་སྔོན་འགོག་བྱེད་དགོས། 

    གསུམ། ཞིང་ཁུལ་གཙོ་བོས་ཞིང་ཁར་གཡོག་བྱེད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དུས་ཐོག་ཏུ་ཆུ་ཡུར་གཤོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།