དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་བརྗོད་དོན།

    རི་པིན་ཕྱོགས་ཀྱིས་རང་སྐྱོན་གཡོ་འགེབས་གང་འདྲ་བྱས་རུང་རྒྱ་མཚོར་གློད་པའི་འཆར་གཞི“མཛེས་བཟོ”བྱེད་མི་ཐུབ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-07-25

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་20ཉིན་གློག་འཕྲིན་འབྱོར་གསལ། རི་པིན་སྲིད་གཞུང་གིས་ཕུའུ་ཏའོ་ཡི་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གློད་པའི་འཆར་གཞིར་གཞིགས་ནས་གསལ་འགྲེལ་བྱས་པར་དམིགས་ཏེ། ཚེས་20ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས། གལ་ཏེ་ཉིང་རྡུལ་བཙོག་ཆུ་བདེ་འཇགས་ཡོད་ཚེ་རྒྱ་མཚོར་གློད་དགོས་དོན་མེད། བདེ་འཇགས་མེད་ན་རྒྱ་མཚོར་དེ་བས་ཀྱང་གློད་མི་རུང་། རི་པིན་ཕྱོགས་ཀྱིས་རང་སྐྱོན་གཡོ་འགེབས་གང་འདྲ་བྱས་རུང་རྒྱ་མཚོར་གློད་པའི་འཆར་གཞི“མཛེས་བཟོ”བྱེད་མི་ཐུབ་ཅེས་བརྗོད་པ་རེད།

    ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པས། ཉེ་དུས་རི་པིན་སྲིད་གཞུང་གིས་བྱང་ཆིངས་དབུ་ཚོགས་དང་། ཨེ་ཤེ་ཡ་ཤར་མའི་མཉམ་ལས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུ་རབ་དང་རིམ་པ། ཅ་ལེ་པི་ཤར་མའི་ཉ་ལས་པུའུ་ཀྲང་གི་ཚོགས་འདུ་སོགས་ལ་བརྟེན་ནས་ཕུའུ་ཏའོ་ཡི་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གློད་པའི་འཆར་གཞིར་གསལ་འགྲེལ་བྱས་པ་མ་ཟད། འདི་ལོའི་དབྱར་དུས་སུ་རྒྱ་མཚོར་གློད་འགོ་འཛུགས་རྒྱུའི་དུས་ཚོད་ནར་འགྱངས་བྱེད་མི་སྲིད་པའི་བརྡ་རྟགས་ཀྱང་བཏང་ཡོད། དེ་དང་ཆབས་ཅིག རི་པིན་གྱི་རྒྱལ་ཡོངས་ཉ་ལས་མཐུན་ཚོགས་མཉམ་འབྲེལ་ལྷན་ཚོགས་དང་། ཕུའུ་ཏའོ་རྫོང་། ཀུང་ཁྲེང་རྫོང་བཅས་ཀྱི་ཉ་ལས་མཐུན་ཚོགས་ཀྱིས་ཀྱང་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གློད་པའི་བྱེད་སྤྱོད་ལ་ངོ་རྒོལ་བྱེད་པའི་རྣམ་འགྱུར་ལ་འགྱུར་བ་མེད་ཅེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་ཀྱི་ཡོད། མགྲིན་ཚབ་པས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར།

    མའོ་ཉིང་གིས་རི་པིན་སྲིད་གཞུང་གིས་ཉེ་དུས་ཕུའུ་ཏའོ་ཡི་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གློད་རྒྱུའི་གནད་དོན་དེ་གོ་ལ་ཧྲིལ་པོར་སྤྱི་འབྲེལ་བྱས་པ་དེ་ལས། ཆེད་སྤྱོད་ཐེབས་རྩར་བརྟེན་ནས་བཙོག་ཆུ་རྒྱ་མཚོར་གློད་རྒྱུར་ངོ་རྒོལ་བྱེད་མཁན་རི་པིན་དམངས་ཚོགས་ཀྱི་ཁ་འགོག་པ་དང་། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིའི་ཕྱོགས་བསྡུས་ཚོད་སྐོར་སྙན་ཞུ་དེ“ལམ་ཡིག”ལྟ་བུར་བརྩིས་ནས་རྒྱ་མཚོར་གློད་ངེས་གཏན་ཡིན་པའི་རེ་ངན་འཆང་བའི་རྣམ་འགྱུར་བསྟན་ཡོད། “གལ་ཏེ་ཉིང་རྡུལ་བཙོག་ཆུ་བདེ་འཇགས་ཡིན་ཚེ་རྒྱ་མཚོར་གློད་དགོས་དོན་མེད། བདེ་འཇགས་མེད་ན་རྒྱ་མཚོར་དེ་བས་ཀྱང་གློད་མི་རུང”ཞེས་བརྗོད་པ་རེད།

    མའོ་ཉིང་གིས་ཉིང་རྡུལ་ལས་འཛོལ་གྱི་བཙོག་ཆུ་རྒྱ་མཚོར་གློད་པའི་སྔོན་དཔེ་འཛམ་གླིང་ཐོག་མེད་ལ་ཐུན་མོང་ཐོག་ཁས་ལེན་བྱེད་པའི་ཚད་འཛིན་ས་ཡང་མེད། འདི་ནི་ཚན་རིག་གི་གནད་དོན་ཞིག་རེད་ལ་སྤྱོད་ཚུལ་འཛིན་སྟངས་ཀྱི་གནད་དོན་ཞིག་ཀྱང་རེད། “ཀྲུང་གོ་ཕྱོགས་ཀྱིས་རི་པིན་ཕྱོགས་ལ་རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱལ་ནང་དམངས་ཚོགས་ཀྱི་ལུགས་དང་མཐུན་པའི་དོ་ཁུར་ལ་ལྟ་སྟངས་ཡང་དག་འཛིན་ཏེ། རྒྱ་མཚོར་གློད་པའི་འཆར་གཞི་མཚམས་འཇོག་བྱ་རྒྱུ་དང་། ཟོལ་མེད་ཀྱི་རྣམ་འགྱུར་ཐོག་ནས་མཐའ་འཁོར་ཁྱིམ་མཚེས་རྒྱལ་ཁབ་དང་འབྲེལ་གཏུག་གང་ལེགས་བྱས་ཏེ། འགན་འཁྲི་འཁུར་བའི་རྣམ་པའི་ཐོག་ནས་ཉིང་རྡུལ་བཙོག་ཆུ་ཐག་གཅོད་ཏན་ཏིག་བྱེད་དགོས་པ་མ་ཟད། ད་དུང་རྒྱལ་སྤྱིའི་ལྟ་སྐུལ་དང་ལེན་ཡང་བྱ་རྒྱུའི་སྐུལ་མ་གཏོང་གི་ཡིན”ཞེས་བརྗོད་པ་རེད།

    ད་དུང་གསར་འགོད་པས་ཕུའུ་ཏའོ་ཡི་ཉིང་རྡུལ“གཙང་གསིང་ཆུ”རྒྱ་མཚོར་གློད་པའི་གནད་དོན་གྱིས་རྐྱེན་པས་ཀྲུང་གོས་རི་པིན་གྱི་བཟའ་བཅའ་ནང་འདྲེན་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ཡོད། རི་པིན་སྲིད་གཞུང་གིས“རི་པིན་གྱི་བཟའ་བཅའི་བདེ་འཇགས་རང་བཞིན་ལ་ཚན་རིག་དང་མཐུན་པའི་འགན་ལེན་ཡོད”ཅེས་བཤད་པ་དང་འབྲེལ་ཀྲུང་གོ་ཕྱོགས་ལ་ནང་འདྲེན་ཚོད་འཛིན་བྱེད་མཚམས་གང་མགྱོགས་འཇོག་རྒྱུའི་རེ་འབོད་བྱ་རྩིས་ཡོད་ཅེས་བརྗོད་ཡོད། ཀྲུང་གོའི་ཕྱི་འབྲེལ་པུས་དེའི་ཐད་ལན་གང་ཞིག་འདེབས་རྩིས་ཡོད་དམ་ཞེས་དྲིས་པར།

    མའོ་ཉིང་གིས་ཀྲུང་གོ་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་པའི་སྲིད་སྐྱོང་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། ངེས་པར་དུ་མི་དམངས་ཀྱི་བདེ་ཐང་དང་རྒྱ་མཚོའི་ཁོར་ཡུག་ལ་འགན་འཁུར་ངེས་རེད་ལ་འཁུར་བཞིན་ཡོད། རི་པིན་ཕྱོགས་ཀྱི་རྒྱ་མཚོར་གློད་པའི་འཆར་གཞིར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་བྱེད་པ་ནི་བདེན་ཡོད་ཁུངས་ལྡན་ཡིན་ལ། འབྲེལ་ཡོད་བྱེད་ཐབས་སྤྱད་པའང་བདེན་ཡོད་ཁུངས་ལྡན་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།