དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་ལོ་5ཡི་སྔ་སྣུར་དུ་2030ལོའི་ནུས་རྒྱུ་གཙང་མའི་དམིགས་ཚད་མངོན་འགྱུར་ཐུབ་ཀྱི་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-07-24

     འདི་ནི་ཉེ་ཆར། ཅང་ཤིས་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་ཀན་རྫོང་ཁུལ་ཧན་ཧྥང་གྲོང་རྡལ་ཅིན་ལི་གྲོང་ཚོའི་འོད་ཤུགས་རྟེན་གཞིར་བཟོ་པས་འོད་ཤུགས་པང་ལེབ་འདིང་བཞིན་པ།

    གོ་ལ་ཧྲིལ་པོའི་ནུས་རྒྱུ་ལྟ་ཞིབ་ཚད་ལེན་རྩ་འཛུགས་ཀྱི་ཞིབ་འཇུག་ལས་མངོན་པར། གལ་ཏེ་ཀྲུང་གོས་འཆར་འགོད་བྱས་པའི་གློག་ཁང་ཚང་མ་དུས་བཀག་ལྟར་བསྐྲུན་པ་དང་འབྲེལ་འཁོར་སྐྱོད་ཐུབ་ན། 2025ལོར་སླེབས་སྐབས་ཀྲུང་གོའི་ཉི་ནུས་དང་རླུང་ནུས་ཀྱི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཤུགས་ཅི་ཝ་1200ཟིན་ཏེ། ཀྲུང་གོས་2030ལོའི་ནུས་རྒྱུ་གཙང་མའི་དམིགས་ཚད་ལོ་5ཡི་སྔ་སྣུར་དུ་མངོན་འགྱུར་ཐུབ་ཀྱི་ཡོད།

    མིག་སྔར་ཀྲུང་གོའི་ཉི་ནུས་ཀྱི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཤུགས་འཛམ་གླིང་གི་ས་ཁུལ་གཞན་དག་གི་བསྡོམས་འབོར་ལས་བརྒལ་ཡོད། གོ་ལ་ཧྲིལ་པོའི་ནུས་རྒྱུ་ལྟ་ཞིབ་ཚད་ལེན་རྩ་འཛུགས་ཀྱི་འགན་འཁུར་བ་ཏུའོ་ལུའོ་ཤིས·མེ་ཡིས། ཀྲུང་གོའི་ཉི་ནུས་དང་རླུང་ནུས་ཀྱི་གློག་འདོན་ཤུགས་ཧ་ཅང་ཆེ་རུ་ཕྱིན་པ་དེ“མི་རྣམས་ཧང་སངས་དགོས་པ་ཞིག་འདུག”ཅེས་བཤད་པ་རེད། ཀྲུང་གོའི་བསྐྱར་སྐྱེས་ནུས་རྒྱུ་དར་རྒྱས་གོང་འཕེལ་བྱུང་བ་དེ་ནི། ཀྲུང་གོའི་སྐུལ་འདེབས་སྲིད་ཇུས་དང་ལྟ་འདོམས་བྱེད་ཐབས་ལས་བྱུང་བ་ཞིག་རེད་ལ། 2060ལོར་ཀྲུང་གོས་ཐཱན་ཚད་སྙོམ་སྦྱོར་ཐུབ་པའི་ཁས་ལེན་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཀྱང་རེད།

    གོ་ལ་ཧྲིལ་པོའི་ནུས་རྒྱུ་ལྟ་ཞིབ་ཚད་ལེན་རྩ་འཛུགས་ཀྱི་ཞིབ་འཇུག་པ་མཱ་ཏིང·ཝེར་གྱིས། རྡོ་སོལ་ནི་སྔར་བཞིན་ཀྲུང་གོའི་མིག་སྔའི་གློག་གཏོང་ནུས་རྒྱུ་གཙོ་བོ་ཡིན་པས་ཀྲུང་གོས་ནུས་རྒྱུ་གསོག་འཇོག་དང་ལྗང་མདོག་ལག་རྩལ་ཐད་མུ་མཐུད་ཚད་བརྒལ་ཡོང་བར་བྱེད་དགོས་ཀྱི་ཡོད་ཅེས་བཤད་པ་རེད། ཀྲུང་གོའི་ཉི་ནུས་དང་རླུང་ནུས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དེ་ལས་དགེ་མཚན་ལྡན་པའི་འཕེལ་རྒྱས་མངོན་བཞིན་ཡོད།

    —— ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།