དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཡིས།

    ཧྲང་ཧའེ་གྲོང་ཁྱེར་དང་ཚོགས་སྒྲིག་རྣམ་པའི་ཐོག་ནས“ཆུ་ཚོད་2ཀྱི་སྐྱོབ་བཅོས་བྱེད་ཡུན”བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-07-20

    “ཧྲང་ཧའེ་ཡི་སྨན་པས་ངའི་སྲོག་བསྐྱབས་པ་རེད”ཅེས་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་མཁན་གྲགས་པས་སེམས་འགུལ་ཚད་མེད་ཐེབས་བཞིན་བཤད།

    གྲགས་པ་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་དར་ལག་རྫོང་ནས་ཡིན་པ་དང་། ནད་གཞི་ལྕི་བ་དང་ནར་འགྱངས་བྱེད་ཐབས་མེད་པས་དར་ལག་རྫོང་ནས་མགོ་ལོག་ཀྲོའུ་མི་དམངས་སྨན་ཁང་དུ་བསྐྱལ།

    དེ་དང་ཆབས་ཅིག་ཧྲང་ཧའེ་གྲོང་ཁྱེར་གྱི“ཚོགས་སྒྲིག་རྣམ་པའི”སྨན་བཅོས་རོགས་སྐྱོར་ཚོགས་པས་ལམ་སེང་སྐྱོབ་བཅོས་དྲ་བ་བརྒྱུད་དུས་ཚོད་དམ་འཛིན་གྱིས་རིག་ཚན་མང་པོ་ལྷན་འཛོམས་ཀྱི་ནད་དཔྱད་བྱས་པ་མ་ཟད། རྨ་ཆེན་རྫོང་མི་དམངས་སྨན་ཁང་ཀླད་པའི་ཕྱི་བཅོས་ཚན་ཁག་དང་དགའ་བདེ་རྫོང་མི་དམངས་སྨན་ཁང་ནད་ལྕི་མྱུར་སྐྱོབ་ཚན་ཁག་གི་རིགས་གཅིག་མཁས་ཅན་མང་པོ་དང་མཉམ་ལས་བྱས་ཏེ། ནད་པར་དུས་ཐོག་ཏུ་གཤགས་བཅོས་བྱས་པས་ནད་པའི་སྲོག་བསྐྱབས་ཐུབ་པ་བྱུང་ཡོད།

    “གཤག་བཅོས་དེ་རིགས་ནི་མགོ་ལོག་ཀྲོའུ་མི་དམངས་སྨན་ཁང་དུ་བྱེད་ཐེངས་དང་པོ་རེད། མགྱོགས་མྱུར་བརྟག་དཔྱད་དང་། དུས་ཐོག་ཏུ་བརྒྱུད་སྐྱེལ། ཀྲོའུ་དང་རྫོང་མཉམ་འབྲེལ། རིག་ཚན་མང་པོ་མཉམ་ལས་སོགས་ནད་པ་སྐྱོབ་བཅོས་ཀྱི་བྱེད་སྟངས་གསར་པ་དེས་མགོ་ལོག་ཀྲོའུ་མི་དམངས་སྨན་ཁང་གིས་ནད་པ་དེ་རིགས་སྐྱོབ་བཅོས་བྱེད་པའི་སྲོལ་ཕྱེ་ཡོད”ཅེས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཀྲོའུ་མི་དམངས་སྨན་ཁང་གི་ཡོན་ཀྲང་ཀྲོའུ་ཧྥུང་གིས་བཤད།

    མགོ་ལོག་ཀྲོའུ་ནི་མཚོ་བོད་ས་མཐོའི་དབུས་སུ་གནས་པ་དང་ས་རྒྱ་ཆེ་ལ་མི་འབོར་ཧ་ཅང་ཉུང་ཉུང་ཀྲོའུ་ཡོངས་ཀྱི་ས་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་7.64ཟིན་པ་དང་། མི་འབོར་བསྡོམས་འབོར་ཁྲི་22ཟིན་པ། ཆ་སྙོམས་ས་བབ་མཐོ་ཚད་སྨི་4200ཡན་ཟིན་པ། རང་བྱུང་ཁོར་ཡུག་ཞན་པ། སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་ཞན་པ། སྨན་བཅོས་འཕྲོད་བསྟེན་གྱི་སྤྱིའི་ཆུ་ཚད་མཐོ་པོ་མེད་པ་བཅས་དང་ལྷག་པར་དུ་ནད་གཞི་ལྕི་པོ་ཕོག་པའི་ནད་པ་སྐྱོབ་བཅོས་བྱེད་ནུས་ཞན་པ་བཅས་ཡོད། “ས་བབ་མཐོ་བའི་ས་ཁུལ་དུ་དོས་དྲག་རང་བཞིན་གྱི་སྙིང་རྩ་འགག་པའི་་ནད་ཕོག་མཁན་མང་པོ་ཡོད་པས་མྱུར་སྐྱོབ་ཀྱི་ཐབས་ཤེས་གལ་ཆེ་ཤོས་ནི་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་གསོན་ཐབས་བྱས་ཚེ། གཞི་ནས་མུ་མཐུད་སྨན་བཅོས་བྱེད་ཐུབ། དུས་ཚོད་ནི་ཚེ་སྲོག་ལྟར་རྩ་ཆེ་བས་སྙིང་རྩ་འགག་པའི་ནད་ཕོག་མཁན་ལ་མཚོན་ན‘ཆུ་ཚོད་2ཀྱི་སྐྱོབ་བཅོས་བྱེད་ཡུན’ནི་དེ་བས་གལ་འགངས་ཆེན་པོ་རེད”ཅེས་ཅིན་དབྱི་ཡིས་ངོ་སྤྲོད་བྱས།

    མིག་སྔར“ཆུ་ཚོད་2ཀྱི་སྐྱོབ་བཅོས་བྱེད་ཡུན”གྱི་མྱུར་སྐྱོབ་བྱེད་སྟངས་ལ་ཕན་འབྲས་རགས་ཙམ་ཐོན་ནས་ནད་པ་ཚབས་ཆེན་སྐྱོབ་བཅོས་ཀྱི་ཚད་ལྡན་མ་ལག་རིམ་བཞིན་བཙུགས་ཡོད་པ་རེད། མྱུར་སྐྱོབ་བྱེད་སྟངས་དེ་ལས་ཉེ་འགྲམ་གྱི་རྫོང་དང་ཤང་དང་གྲོང་རྡལ་མང་པོ་ཞིག་ནས་བསྐྱལ་བའི་དོས་དྲག་དང་ནད་གཞི་ཚབས་ཆེན་ནད་པ་སྣ་ཚོགས་བདེ་བླག་ངང་སྐྱོབ་བཅོས་ཐུབ་པ་བྱུང་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། དོས་དྲག་རང་བཞིན་གྱི་སྙིང་རྩ་འགག་པའི་ནད་ཕོག་མཁན་ནད་པ་22དང་། གློ་བུར་དུ་ཀླད་པའི་ཁྲག་རྩའི་ནད་ཕོག་པའི་ནད་པ་18 དོས་དྲག་རང་བཞིན་གྱི་རྨས་སྐྱོན་ཐེངས་མང་ཕོག་མཁན་28བཅས་སྐྱོབ་བཅོས་ཐུབ་ཡོད།

    “‘ཆུ་ཚོད་2ཀྱི་སྐྱོབ་བཅོས་བྱེད་ཡུན’ནི་ཕྱོགས་བསྡུས་འཕྲལ་སྡོམ་ཐག་གཅོད་བྱེད་པའི་ངོས་ནས་ཚོད་བགམ་གལ་ཆེན་ཞིག་རེད། དེའི་ནང་ཚུད་པའི་ཁོའོ་མང་བ་དང་དཀའ་ཚད་ཆེ་ལ་རིག་ཚན་མང་པོ་མཉམ་འགུལ་བྱེད་གལ་ཆེ་བས་ཀྲོའུ་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་སྨན་བཅོས་ཐོན་ཁུངས་དང་མཉམ་འགུལ་གང་ལེགས་བྱས་ནས་ནད་པར་དུས་ཐོག་ཏུ་གང་ལ་དེ་འཚམ་གྱི་སྐྱོབ་བཅོས་བྱེད་དགོས་ཀྱི་ཡོད” ཀྲོའུ་ཧྥུང་གིས“རིག་ཚན་མང་བའི་སྐྱོབ་བཅོས་ལས་སྟེགས་ནི་ས་གནས་དེ་གའི་སྨན་དོན་མི་སྣའི་ངོས་ནས་སྦྱོང་བརྡར་སྤྲད་པ་ཞིག་ཡིན་པ་དང་། མཉམ་འབྲེལ་ཐོག‘བརྒྱུད་རོགས་ཁྲིད་གསུམ’བྱས་ནས་ཁོ་ཚོའི་སྨན་བཅོས་ལག་རྩལ་གྱི་ཆུ་ཚད་དང་འཕྲལ་སྡོམ་ཐག་གཅོད་ཀྱི་ནུས་པ་ཆེ་རུ་བཏང་ཡོད”ཅེས་ངོ་སྤྲོད་བྱས།

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། མཚོ་སྔོན་ཞིང་ཆེན་གྱིས་སྨན་བཅོས་དང་། སྨན་བཅོས་འགན་བཅོལ། གསོ་རིག་སྨན་རྫས་བཅས་མཐུན་སྦྱོར་མཉམ་འགུལ་ལ་དམ་པོར་དམིགས་ནས་སྒྱུར་བཅོས་བྱེད་ཐབས་མང་པོ་དོན་འཁྱོལ་གྱིས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་བས། བདེ་ཐང་གི་སྟོན་གྲངས་གཙོ་བོ་དང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་ཧེ་བག་སྔར་བས་ཆུང་དུ་ཕྱིན་པ་དང་མི་དམངས་མང་ཚོགས་ཀྱི་བདེ་ཐང་གི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད། མགོ་ལོག་ཀྲོའུ་ཡིས་ཧྲང་ཧའེ་གྲོང་ཁྱེར་སྨན་བཅོས་རོགས་སྐྱོར་ཚོགས་པའི་རིག་སྟོབས་དང་ལག་རྩལ་འདུ་ཤེས་སོགས་ཀྱི་ལེགས་ཆར་བརྟེན་ནས་ས་གནས་དེ་གའི་སྨན་བཅོས་ཆེད་ལས་ལག་རྩལ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ནམ་ཡང་གནས་ཐུབ་པའི་སྨན་བཅོས་མྱུར་སྐྱོབ་དཔུང་ཁག་ཅིག་ཧུར་ཐག་བཏོད་ཡོད། “གོམ་སྟབས་རྗེས་མར“ཆུ་ཚོད་2ཀྱི་སྐྱོབ་བཅོས་བྱེད་ཡུན”གྱི་འབྲེལ་གཏུག་བྱེད་ཁྱོན་ཆེ་རུ་བཏང་ནས་མགོ་ལོག་ཀྲོའུ་མི་དམངས་སྨན་ཁང་དང་། མཚོ་སྔོན་སློབ་ཆེན་ཞོར་གཏོགས་སྨན་ཁང་། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་རྟགས་སྨན་ཁང་སོགས་སྨན་ཁང་བརྒྱད་ཀྱིས་སྨན་ཁང་བསྒྱུར་བའི་ལྗང་མདོག་བགྲོད་ལམ་བཏོད་དེ་མགོ་ལོག་ཀྲོའུ་ཡི་ནད་པར‘ནད་ཆེན་ཞིང་ཆེན་ནས་བཅོས་ཐུབ་པ’དང་། སྨན་བཅོས་སྤུས་ཚད་མུ་མཐུད་མཐོ་རུ་བཏང་ནས་ས་གནས་དེ་གའི་མང་ཚོགས་ཀྱིས་རང་ཁྱིམ་གྱི་སྒོ་རྩར་སྤུས་ལེགས་ཀྱི་སྨན་བཅོས་ཞབས་འདེགས་ལོངས་སྤྱོད་ཐུབ་པའི་རེ་བ་ཡོད”ཅེས་ཀྲོའུ་ཧྥུང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།