དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་རེབ་གོང་གྲོང་ཁྱེར་གྱིས་ཐོན་ཁུངས་ཀྱི་ལེགས་ཆར་གཞིགས་ནས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་བཏང་བ།

    ཕྱུག་འགྱུར་ལམ་བུ་ཡངས་པོར་ཕྱེ། འབབ་འཕར་ཡོང་བར་སྐུལ་འདེད་བཏང་།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཅཱ་ཧྥུང་ཧྥུང་། ཀྲའོ་ཆང་།   |     སྤེལ་དུས།  2023-07-20

    མཚོ་སྔོན་ཞིང་ཆེན་རེབ་གོང་གྲོང་ཁྱེར་ཧོར་ནག་ཤང་རི་ཞོལ་མ་གྲོང་ཚོ་རི་ཁུལ་དུ་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་2970དང་། ས་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་24 རྨོ་ཞིང་གི་རྒྱ་ཁྱོན་མུའུ་5593བཅས་ཡོད་ཀྱང་། མི་རེར་ཆ་སྙོམས་རྨོ་ཞིང་མུའུ་5ཡང་ཟིན་གྱི་མེད། ལོ་འགའི་སྔོན་ལ་གཞོན་ནུ་མང་པོ་ཞིག་ཕྱིར་གླ་པ་རྒྱུག་པར་ཕྱིན་པས་ས་ཞིང་མི་ཉུང་བ་ཞིག་འདེབས་མཁན་མེད་པར་ལུས་ཡོད།

    2021ལོར་རེབ་གོང་གྲོང་ཁྱེར་གྱིས་གཟན་རྩྭའི་ཐོན་ལས་དར་རྒྱས་ཀྱི་བྱ་སྤྱོད་ལག་བསྟར་བྱས་པས་རི་ཞོལ་མ་གྲོང་ཚོས་གྲོང་གསེབ་དར་རྒྱས་ཀྱི་མ་དངུལ་སྒོར་ཁྲི་600བརྩོན་ལེན་བྱས་ནས་གཟན་རྩྭ་འདེབས་འཛུགས་རྟེན་གཞི་ནུས་ཤུགས་ཡོད་རྒུས་བཙུགས་པ་རེད། གཟན་རྩྭ་གཟན་ཆག་གི་གྲབས་གསོག་མཛོད་ཁང་དང་། སྒྲིག་ཆས་གྲབས་གསོག་གསོག་འཇོག་མཛོད་ཁང་། དེ་བཞིན་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་བཅས་རེ་རེ་བཞིན་བསྐྲུན་པས་འདེབས་འཛུགས་དང་། བརྔ་བསྡུ། ལས་སྣོན། བྲིན་ཚོང་། གྲབས་གསོག་བཅས་གཞི་གཅིག་ཅན་དང་། འཕྲུལ་ཆས་ཅན། གཞི་ཁྱོན་ཅན་མངོན་འགྱུར་བྱུང་ཡོད། ཐོན་ལས་གསར་པ་འཕེལ་རྒྱས་ཕྱིན་པ་ལས་ཞིང་པ་རྣམས་ཞིང་ནང་དུ་ལས་བྲེལ་གྱིས་ཁེངས།

    ཐོན་ལས་ཀྱི་ལམ་བུ་ཟམ་མི་ཆད་པར་རྒྱ་ཆེར་ཕྱིན་པས་རི་ཞོལ་མ་གྲོང་ཚོའི་གྲོང་མི་ཚོ་དང་གྲོང་ཚོའི་ཨུ་ལྷན་རེ་བས་ཁེངས།

    2022ལོར་རེབ་གོང་གྲོང་ཁྱེར་གྱིས་མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ཐིང་དང་འབྲེལ་གཏུག་བྱས་ནས་རོགས་རམ་ཐོབ་རེ་བྱས་ཤིང་། ས་གནས་དེ་གར་གཟན་རྩྭ་འདེབས་འཛུགས་ཀྱི་ཉམས་མྱོང་མེད་ལ་ལག་རྩལ་དཀོན་པ་དང་ལྷག་པར་དུ་གཟན་རྩྭ་འདེབས་འཛུགས་དང་། ཐོན་རྫས་ལས་སྣོན། ཐོན་འབོར་སྤུས་ཚད་སོགས་ཐད་རིགས་གཅིག་མཁས་ཅན་གྱི་མཛུབ་ཁྲིད་དགོས་མཁོ་ཧ་ཅང་ཆེན་པོ་ཡོད་པ་ཤེས་རྗེས་ཚན་རྩལ་ཆེད་མངགས་པས་ས་གནས་དེ་གའི་གཟན་རྩྭའི་རིགས་ལ་བརྟག་དཔྱད་ཧུར་ཐག་བྱས་པ་དང་། རྒྱལ་ཁབ་ཕྱི་ནང་ནས་སྤུས་ལེགས་ཡུ་གུའི་སྣ་ཁ་16ནང་འདྲེན་བྱས་ནས་རི་ཞོལ་མ་གྲོང་ཚོར་ཡུ་གུ་འདེབས་པའི་ཚོད་ལྟ་བྱས་ཤིང་། ས་གནས་དེ་གར་འཚམ་པའི་ཐོན་འབབ་མཐོ་བ་དང་། ཚི་སྣའི་སྤུས་ཚད་ལེགས་པ། སྤྲི་དཀར་མང་བ་བཅས་ཀྱི་སྤུས་ལེགས་ཡུ་གུའི་སྣ་ཁ་བདམས་པ་རེད།

    སོན་གསར་ཁྱབ་གདལ་བཏང་བར་བརྟེན་དགུན་ཁ་ཕྱུགས་རིགས་ཀྱི་གཟན་རྩྭ་དཀོན་པའི་གནད་དོན་ཐག་གཅོད་བྱུང་བ་མ་ཟད། རང་བྱུང་རྩྭ་རའི་གནོན་ཤུགས་ཆུང་དུ་ཕྱིན་པ་དང་ཆབས་ཅིག་འབྲོག་པའི་ཡོང་འབབ་མང་དུ་ཕྱིན་ནས་རྩྭ་ཕྱུགས་དོ་སྙོམས་ཐད་ནུས་པ་གལ་ཆེན་ཐོན་ཡོད།

    སྔོན་མ་ཤ་བོ་རྒྱལ་ཧྲང་ཧའེ་དང་ཅང་སུའུ་སོགས་སུ་གླ་པ་རྒྱུག་ནས་སྡོད་ཀྱི་ཡོད་པས་ནང་མི་དང་མཉམ་འཛོམས་ཀྱི་དུས་ཚོད་ཉུང་ཉུང་རེད། ད་ཆ་ཕ་ཡུལ་དུ་ལོག་ནས་ལས་ཀ་བརྟན་པོ་ཞིག་བཙལ་ཏེ་ནང་མི་དང་མཉམ་འཛོམས་ཡོང་བའི་རེ་བ་བྱེད་ཀྱི་ཡོད།

    འདི་ལོ་གྲོང་མི་ཚོས་གཞི་ཁྱོན་ཅན་གྱི་གཟན་རྩྭ་དང་ཡུ་གུ་འདེབས་འཛུགས་བྱས་པ་དང་སྲིད་ཇུས་ཐད་ནས་ཀྱང་རོགས་རམ་ཡོད་པ་ཤེས་རྗེས་ཁོང་གིས་ཕྱིར་གླ་པ་རྒྱུག་མཚམས་བཞག་སྟེ། གྲོང་ཚོའི་མཉམ་ལས་ཁང་དུ་མ་རྐང་བཞག་ནས་གཟན་རྩྭ་འདེབས་འཛུགས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་བཏོད་ཡོད། “ད་ཆ་ཕྱིར་འགྲོ་མི་དགོས་པ་དང་ནང་མིར་ཡང་ལྟ་རྟོག་ཐུབ་པ་མ་ཟད། ཉིན་གླ་སྒོར་150ཡོད་པས་ལོ་གཅིག་ལ་སྒོར་ཁྲི་5ལྷག་ཙམ་ཟིན་གྱི་ཡོད”ཅེས་རི་ཞོལ་མ་གྲོང་ཚོའི་གྲོང་མི་ཤ་བོ་རྒྱལ་གྱིས་དགའ་སྤྲོའི་ངང་གསར་འགོད་པར་བཤད།

    ལོ་གཅིག་རིང་འབད་བརྩོན་བྱས་པ་བརྒྱུད། རི་ཞོལ་མ་གྲོང་ཚོའི་གྲོང་མི་ཚོས་ཡུ་གུའི་སྣ་ཁ་གསར་པ་དེར་དགའ་པོ་བྱས་ཤིང་། “ད་ཆ་གྲོང་མི་ཚང་མ་དེའི་ནང་ཞུགས་ཡོད་པ་དང་ཕྱིར་གླ་པ་རྒྱུག་མཁན་གཞོན་ནུ་ཚོ་ཡང་ཕ་ཡུལ་དུ་ལོག་ཡོད། ཐོག་མར་མཉམ་ལས་ཁང་ལ་མི་17ལས་མེད་པ་དང་ད་ཆ་མི་1050ཡོད”རི་ཞོལ་མ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་འབྲུག་རྒྱལ་མཁར་གྱིས་འདི་ལོ་གྲོང་ཚོ་ཡོངས་སུ་གཞི་ཁྱོན་ཅན་གྱི་འདེབས་འཛུགས་མུའུ་5185བྱས་པའི་ནང་གཟན་རྩྭ་ཡུ་གུ་མུའུ་4185བཏབ་པས་གྲོང་ཚོའི་མཉམ་སྡེབ་ཀྱི་ཡོང་འབབ་སྒོར་ཁྲི་400ལས་བརྒལ་རེ་ཡོད་ཅེས་དགའ་སྤྲོའི་ངང་བཤད།

    རེབ་གོང་གྲོང་ཁྱེར་གྱིས“གྲོང་ཚོ་རེར་སྤུས་རྟགས་རེའི”བསམ་ཕྱོགས་གཞིར་བཟུང་། ཏང་རྩ་འཛུགས་ཀྱི་དཔེ་སྟོན་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ཏེ་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་ཏན་ཏིག་གཏོང་བ། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བ་དང་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ་བཅས་བྱས་ཏེ་གྲོང་མི་རྣམས་མཉམ་དུ་ཕྱུག་པོ་ཆགས་པར་བྱས་པ་རེད། ད་ཆ“ཏང་ཀྲི་པུའུ+མཉམ་ལས་ཁང+ཞིང་དུད”བཅས་ཀྱི་འཕེལ་རྒྱས་ཀྱི་བྱེད་ཐབས་དེ་ཧོར་ནག་ཤང་རི་ཞོལ་མ་གྲོང་ཚོའི་གྲོང་གསེབ་ཀྱི་དཔལ་འབྱོར་དར་རྒྱས་གཏོང་བའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།