ཝེ་ཐེ་ནམ་གྱིས་རྒྱ་མཚོའི་རླུང་འཚུབ“ཐའེ་ལེ”ལ་ཁ་གཏད་གཅོག་པའི་གྲ་སྒྲིག་ཡག་པོ་བྱས་པ།
ཚེས་18ཉིན། ཝེ་ཐེ་ནམ་གྱི་རྒྱལ་ཁབ་ཆུ་དཔྱད་གནམ་གཤིས་སྔོན་བརྡ་ལྟེ་གནས་ཀྱིས་ཆ་འཕྲིན་ཡོངས་བསྒྲགས་བྱས་ནས། རྒྱ་མཚོའི་རླུང་འཚུབ“ཐའེ་ལེ”ས་གནས་དེ་གའི་དུས་ཚོད་ཚེས་18ཉིན་གྱི་ཕྱི་དྲོར་ཝེ་ཐེ་ནམ་བྱང་རྒྱུད་ཀྱི་ཀོང་ཉིང་ཞིང་ཆེན་དང་ཧའེ་ཧྥང་གྲོང་ཁྱེར་གྱི་རྒྱུད་དུ་ལྡང་བ་དང་དེ་རྗེས་རིམ་གྱིས་ཤུགས་ཆུང་དུ་སོང་ནས་ཚ་ཁུལ་གྱི་རླུང་གནོན་དམའ་རུ་ཕྱིན་པ་དང་འབྲེལ་ཚེས་19ཉིན་རིམ་གྱིས་ཡལ་རྒྱུ་རེད། ཝེ་ཐེ་ནམ་སྲིད་གཞུང་གིས་ཁ་གཏད་གཅོག་པའི་གྲ་སྒྲིག་བྱས་ཤིང་། འདི་ནི་ཝེ་ཐེ་ནམ་གྱི་ཧ་ནོ་དབྱི་གྲོང་ཁྱེར་གྱི་གནས་སྐབས་སྒོ་བརྒྱབ་པའི་ནེ་ཕའེ་རྒྱལ་སྤྱིའི་གནམ་ཐང་གི་ཚོམས་ཆེན་ཡིན་པ།