དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྒྱལ་སྤྱིའི་དངོས་ཁམས་ཨོ་རྩལ་འགྲན་ཚོགས་ཐོག་ཀྲུང་གོའི་རུ་ཁག་ལ་གསེར་གྱི་རྟགས་མ་ལྔ་ཐོབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-07-20

    ཚེས་17ཉིན་རྒྱལ་སྤྱིའི་དངོས་ཁམས་ཨོ་ལིམ་ཕིག་འགྲན་བསྡུར་སྐབས་53པ་རི་པིན་གྱི་ཐོ་ཁེའོ་རུ་མཇུག་འགྲིལ་བ་དང་། འགྲན་བསྡུར་ནང་ཞུགས་མཁན་ཀྲུང་གོའི་རུ་ཁག་གི་བདམས་ཐོན་པ་5ལ་གསེར་གྱི་རྟགས་མ་ཐོབ་པ་རེད།

    རྒྱལ་སྤྱིའི་དངོས་ཁམས་ཨོ་ལིམ་ཕིག་འགྲན་བསྡུར་ནི་རྒྱལ་སྤྱིའི་སློབ་འབྲིང་སློབ་མའི་དངོས་ཁམས་འགྲན་བསྡུར་ཞིག་ཡིན་ཞིང་། 1967ལོ་ནས་བཟུང་རྩ་དོན་ཐོག་ལོ་རེར་ཐེངས་རེ་གཉེར་བ་དང་འཐུས་མི་རུ་ཁག་སོ་སོར་རུ་མི་5ལས་བརྒལ་ཆོག་གི་མེད་པ་རེད། འདི་ལོའི་འགྲན་བསྡུར་ཟླ་འདིའི་ཚེས་10ནས་17ཉིན་བར་ཐོ་ཁེའོ་རུ་གཉེར་བ་དང་རྒྱལ་ཁབ་དང་ས་ཁུལ་80ལྷག་ཙམ་ནས་ཡོང་བའི་བདམས་ཐོན་པ་འགྲན་བསྡུར་ནང་ཞུགས་ཡོད་པ་རེད།

    འགྲན་བསྡུར་གྱི་གཞུང་ཕྱོགས་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྐབས་འདིའི་འགྲན་བསྡུར་ནང་གསེར་གྱི་རྟགས་མ་37དང་། དངུལ་གྱི་རྟགས་མ་74 ཟངས་ཀྱི་རྟགས་མ་103བཅས་ཐོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།