ཀུ་ཐེ་ལེ་སིས་བརྗོད་དོན།
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡུག་རེན་དང་ཨུ་རུ་སུའི་ཞིང་ལས་ཐོན་རྫས་རྒྱལ་སྤྱིའི་ཁྲོམ་རར་བདེ་བླག་ངང་འདོན་པར་མུ་མཐུད་སྐུལ་འདེད་གཏོང་གི་ཡིན།
ཚེས་17ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡུག་རེན་དང་ཨུ་རུ་སུའི་ཞིང་ལས་ཐོན་རྫས་རྒྱལ་སྤྱིའི་ཁྲོམ་རར་བདེ་བླག་ངང་འདོན་པར་མུ་མཐུད་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད་པ་རེད།
ཉིན་དེར། ཀུ་ཐེ་ལེ་སིས་ཉིའུ་གཡོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་འཚོགས་པའི་གསར་འགོད་པའི་ངོ་འཕྲད་ཚོགས་འདུར། ཨུ་རུ་སུས་ཧེ་ཧའེ་གྲུ་ཁའི་ཞིང་ལས་ཐོན་རྫས་ཕྱིར་འདྲེན་གྲོས་མཐུན་ལག་བསྟར་བྱེད་མཚམས་བཞག་རྒྱུ་ཁྱབ་བསྒྲགས་བྱས་པར་ང་རང་བློ་ཕམ་ཆེན་པོ་བྱུང་། ཨུ་རུ་སུས་ཐག་གཅོད་འདི་ལྟར་བྱས་རུང་། མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་ཡུག་རེན་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱི་ཞིང་ལས་ཐོན་རྫས་རྒྱལ་སྤྱིའི་ཁྲོམ་རར་བདེ་བླག་ངང་འདོན་པར་སྐུལ་འདེད་གཏོང་བར་མུ་མཐུད་གཞོལ་རྒྱུ་ཡིན་ཞེས་བརྗོད་པ་རེད།
ཚེས་17ཉིན། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཁོ་ལེ་ཞི་ཡིས་མགྲིན་ཚབ་པ་ཁུའུ་པི་ཡ་ཁོ་བརྒྱུད། ཨུ་རུ་སུས་ཧེ་ཧའེ་གྲུ་ཁའི་ཞིང་ལས་ཐོན་རྫས་ཕྱིར་འདྲེན་གྲོས་མཐུན་ནས་ཕྱིར་འཐེན་བྱས་པར་བློ་ཕམ་ཆེན་པོ་བྱུང་། ཕྱོགས་ཁག་གིས་སླར་ཡང་གྲོས་མོལ་བྱ་རྒྱུའི་རེ་འབོད་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་བ་རེད།
ཚེས་17ཉིན་ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཧྥུ་ཡིས། ཧེ་ཧའེ་གྲུ་ཁའི་ཞིང་ལས་ཐོན་རྫས་ཕྱིར་འདྲེན་གྲོས་མཐུན་ནང་ཨུ་རུ་སུ་དང་འབྲེལ་བའི་དོན་ཚན་དག་ལག་བསྟར་བྱུང་མེད་པས་གྲོས་མཐུན་དེའི་ནུས་ཆོད་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་བརྗོད་པ་དང་། ཉིན་དེར་ཨུ་རུ་སུའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲ་ཧ་ལུའོ་ཝ་ཡིས། ཨུ་རུ་སུ་ཕྱོགས་ཀྱིས་ཐུར་ཁེ་དང་། ཡུག་རེན། མཉམ་འབྲེལ་རྒྱལ་ཚོགས་བཅས་ལ་ཧེ་ཧའེ་གྲུ་ཁའི་ཞིང་ལས་ཐོན་རྫས་ཕྱིར་འདྲེན་གྲོས་མཐུན་ནར་འགྱངས་མི་བྱེད་པའི་བརྡ་ཁྱབ་བཏང་ཡོད་ཅེས་བརྗོད་པ་རེད།