ཁམ་བུ་སེར་པོ་ཕྱིར་གཏོང་ལས་སྣོན་ལ་བྲེལ་བ།
མིག་སྔར་ཁམ་བུ་སེར་པོ་ཁྲོམ་རར་འདོན་པའི་ནམ་དུས་སུ་སླེབས་པས། ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་ཙེ་ཀུའེ་རྫོང་གི་བཟའ་བཅའ་ལས་སྣོན་ཁེ་ལས་ཀྱིས་སེམས་ནུས་ཡོད་རྒུས་ཉིན་མཚན་བལྟོས་མེད་ལས་ཀ་འཕར་མ་བྱས་ཏེ་ཐོན་ལེགས་བྱུང་བའི་ཁམ་བུ་སེར་པོ་ལྕགས་ཀྲིན་ནང་བླུགས་ནས་ཡོ་རོབ་དང་། ཨ་མེ་རི་ཁ་གླིང་། ཨེ་ཤེ་ཡ་ཤར་ལྷོ་སོགས་ཕྱི་རྒྱལ་གྱི་ཁྲོམ་རར་ཕྱིར་གཏོང་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་རྫོང་དེས“སྣེ་འདྲེན་ཁེ་ལས་དང་། རྟེན་གཞི། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”བྱེད་ཐབས་སྤྱད་དེ་ཁམ་སེར་ཐོན་ལས་འཕེལ་རྒྱས་བཏང་བ་དང་། ཞིང་པ་ཚོས་ཁམ་བུ་སེར་པོ་ཐད་ཀར་ཁེ་ལས་ལ་བཙོངས་ནས་ལས་སྣོན་ཞིབ་ཚགས་བྱས་ཏེ་ཕྱིར་ཚོར་བྱས་པས་ཞིང་པར་འབབ་འཕར་ཡོང་བ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་མ་གཏོང་རོགས་བྱས་པ་རེད།
འདི་ནི་ཟླ་7ཚེས་13ཉིན་ལས་བཟོས་ཙེ་ཀུའེ་རྫོང་ཆུས་ཀུའུ་རྒྱལ་སྤྱིའི་ཞིང་ལས་ཚོགས་པའི་ཁམ་སེར་ལས་སྣོན་འཁོར་ཁང་དུ་ཐོན་སྐྱེད་ལས་ལ་བྲེལ་བཞིན་པ།