དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་སའི་མེ་ཟོན་གྱིས་ཡུལ་སྐོར་ལས་རིགས་སུ་མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-19

    འདི་ནི་ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་རུ་མིས་ཡུལ་སྐོར་བར་མེ་ཟོན་བདེ་འཇགས་ཐད་ཀྱི་ཤེས་བྱ་ངོ་སྤྲོད་བྱེད་བཞིན་པ།

    ཉེ་དུས། ལྷ་ས་གྲོང་ཁྱེར་གྱི་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས“ལས་རིགས་ལྟ་འདོམས་ཀྱི་འགན་འཁྲིར་ཤུགས་སྣོན་བརྒྱབ་ནས་ཡུལ་སྐོར་ལས་རིགས་ཀྱི་མེ་ཟོན་བདེ་འཇགས་སྲུང་བ”ཞེས་པའི་དྲིལ་བསྒྲགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས། ལྷ་ས་གྲོང་ཁྱེར་གྱི་ཁྱབ་ཁོངས་སུ་མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་། 2023ལོའི་ཡུལ་སྐོར་ལས་རིགས་ཀྱི་མེ་ཟོན་དྲིལ་བསྒྲགས་ཀྱི་ཆེད་དོན་བྱ་སྤྱོད་གཏིང་ཟབ་དང་ཏན་ཏིག་སྤེལ་བར་རྒྱུན་མཐུད་སྐུལ་འདེད་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་སྤེལ་རིང་ཉིང་ལག་རུ་ཁག་གི་རིམ་པ་ཁག་གིས་མཛེས་ལྗོངས་ཁུལ་དང་། སྐར་མ་རིམ་པའི་གསོལ་མགྲོན་ཁང་། ཡུལ་སྐོར་ཁང་བཅས་ཀྱི་མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་ལས་དོན་དང་། ཆེད་དོན་བྱ་སྤྱོད། མཛུབ་ཁྲིད་ཞབས་འདེགས་བཅས་ཟུང་འབྲེལ་ནུས་ལྡན་བྱེད་པ་དང་། མཛེས་ལྗོངས་ཁུལ་གྱི་མེ་ཟོན་བདེ་འཇགས་ཀྱི་འགན་འཁུར་བ་དང་། དོ་དམ་པ། སྐར་མ་རིམ་པའི་སྣེ་ཤན་པ། མཛེས་ལྗོངས་ཁུལ་གྱི་བདེ་སྲུང་བ། སྐར་མ་རིམ་པའི་མགྲོན་ཁང་གི་མེ་ཟོན་བདེ་འཇགས་ཀྱི་འགན་འཁུར་བ། ཡུལ་སྐོར་ལས་དོན་ཁང་གི་ལས་མི་བཅས་རིགས་ལྔའི་གཙོ་གནད་ལས་གནས་ལ་དམིགས་ནས། ཁོང་ཚོར་མེ་ཟོན་བདེ་འཇགས་ཀྱི་གསོ་སྦྱོང་དང་། གྱོད་དཔེ་དྲངས་ནས་ཉེན་བརྡའི་སློབ་གསོ་གཏོང་བ། མེ་ཟོན་ནང་སྦྱོང་བཅས་བྱས་ནས། བདེ་འཇགས་འགན་འཁྲི་དང་ཉེན་ཁ་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་བ་དང་། ཡུལ་སྐོར་ལས་རིགས་ཀྱི་མེ་ཟོན་བདེ་འཇགས“ཤེས་མཁན”སྐྱེད་སྲིང་བྱས་ནས། ཡུལ་སྐོར་ལས་རིགས་ཀྱི་ཁྲིམས་ལྟར་འགན་སྒྲུབ་ཀྱི་འདུ་ཤེས་ཟབ་ཏུ་དང་རྒྱུན་ལྡན་གྱི་དོ་དམ་ནུས་པ་ཆེ་རུ་ཏན་ཏིག་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།