དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དམངས་འཚོའི་བདེ་རྩ་ཆེ་རུ་བཏང་། བདེ་སྐྱིད་བཀྲག་མདངས་ལྷག་ཏུ་འཚེར།

    —— ལྷོ་ཁ་གྲོང་ཁྱེར་གྱིས་སྤུས་ཚད་མཐོ་པོས་དམངས་སྲིད་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-19

    འདི་ནི་དང་བླངས་པས་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་ཁྲང་དཀར་གྲོང་ཚོའི་ཕྲུ་གུ་དང་མཉམ་དུ་གྲོང་ཚོ་དེའི་ཉིན་མོའི་ལྟ་རྟོག་ལྟེ་གནས་སུ་རྩེད་མོ་རྩེ་བཞིན་པ།

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་དམངས་སྲིད་ཁོངས་གཏོགས་ཀྱིས“དམངས་ཆེད་དམངས་སྲིད་དང་། དམངས་སྲིད་དམངས་གཅེས”ཀྱི་ལས་ཀའི་འདུ་ཤེས་ལག་ལེན་ཧུར་ཐག་བསྟར་ཏེ་གཞི་རྩའི་དམངས་འཚོ་འགན་ལེན་དང་། གཞི་རྩའི་སྤྱི་ཚོགས་བཅོས་སྐྱོང་། གཞི་རྩའི་སྤྱི་ཚོགས་ཞབས་ཞུ་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ལྷག་བསམ་རྣམ་དག་དང་བརྩེ་བ་ཟབ་མོས་དམངས་ཕན་གྱི་བྱ་བ་དངོས་ལེགས་པར་སྒྲུབ་པ། དམངས་འཚོའི་བདེ་རྩ་རྒྱུན་མཐུད་ཆེ་རུ་གཏོང་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་པར་དམངས་འཚོའི་འགན་ལེན་ནུས་ལྡན་བྱས་ཡོད།

    སྤུས་ཚད་མཐོ་པོས་གཞི་རྩའི་དམངས་འཚོའི་མཐའ་ཚད་ཐ་སྐྱོང་བྱས་པ།

    དམངས་སྲིད་ལས་དོན་ནི་མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་དང་འབྲེལ་བ་ཆེན་པོ་ཡོད་པས། སྣེ་གདོང་ཆུས་དམངས་སྲིད་ཅུས་ཀྱིས་ལས་དོན་མགྱོགས་མྱུར་བསྒྲུབས་པ་དེ་ནི་ལྷོ་ཁ་གྲོང་ཁྱེར་དམངས་སྲིད་ཁོངས་གཏོགས་ཀྱིས་གཞི་རྩའི་དམངས་འཚོའི་མཐའ་ཚད་ཐ་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་རོགས་སྐྱོབ་ཀྱི་ཁེབས་རྒྱ་དང་ཕན་འབྲས་ཆེ་རུ་བཏང་བའི་བསྡུས་རིས་ཡིན།

    2022ལོར་ལྷོ་ཁ་གྲོང་ཁྱེར་གྱིས་དོན་དངོས་དང་ཟུང་འབྲེལ་གྱིས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་སྤྱི་ཚོགས་རོགས་སྐྱོབ་ལ་དུས་བསྟུན་ལྟ་ཞིབ་ཚད་ལེན་གྱི་ལམ་སྲོལ་བཙུགས་ནས། དོན་དངོས་ཡིན་མིན་ལ་ཞིབ་བཤེར་དང་རོགས་སྐྱོབ་དངོས་ཕན་ཆེ་རུ་བཏང་སྟེ་ཡིད་རྟོན་གྱི་རོགས་སྐྱོབ་བྱེད་པའི་འབོད་སྐུལ་བྱས་ནས། དཀའ་ངལ་ཡོད་པའི་མང་ཚོགས་ལ་དངོས་འབྲེལ་རོགས་རམ་བྱས་ཏེ་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་མ་མཐའི་འཚོ་བ་འགན་ལེན་ཡོད་པ་དང་འཕྲལ་མཁོ་དང་དཀའ་ངལ་བསལ་ཡོད།

    2022ལོའི་ལོ་མཇུག་བར། ལྷོ་ཁ་གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་5148དང་། དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་བྱ་ཡུལ་2954 མཐར་ལུས་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་1042བཅས་ཡོད་པར་རིམ་རྩིས་བྱས་ན་རོགས་སྐྱོབ་མ་དངུལ་སྒོར་ཁྲི་5718.14སྤྲད་ཡོད། མཐའ་མཚམས་ས་ཁུལ་ལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་མ་དངུལ་10%ཁ་གསབ་སྤྲོད་དགོས་པའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། མཐའ་མཚམས་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དུད་ཚང་593གྱི་མི་གྲངས་1458ལ་ཁ་གསབ་རོགས་དངུལ་སྒོར་ཁྲི་69སྤྲད་དེ་གཞི་རྩའི་དམངས་འཚོ་འགན་སྲུང་གི་མཐའ་ཚད་ཐ་སྐྱོང་ཏན་ཏིག་བྱས་ཡོད།

    དེ་དང་ཆབས་ཅིག ལྷོ་ཁ་གྲོང་ཁྱེར་གྱིས་གནས་སྐབས་ཀྱི་རོགས་སྐྱོབ་ཐ་སྐྱོང་བྱེད་ནུས་སྔར་བས་ཆེ་རུ་བཏང་ནས། “12349”ཡི་སྤྱི་ཚོགས་རོགས་སྐྱོབ་ཞབས་ཞུའི་ཐད་འབྲེལ་ཁ་པར་ཨང་གྲངས་བཟོས་ཏེ་དམིགས་ས་ཡོད་པའི་རོགས་སྐྱོབ་བྱ་ཐབས་སྤྱད་ནས་དངོས་ཟོག་དང་མ་དངུལ་སྤྲོད་པ་དང་། བཟའ་སྡོད་ཐག་གཅོད་སོགས་ཀྱི་ཐབས་ལམ་སྣ་ཚོགས་བརྒྱུད་རོགས་སྐྱོབ་བྱེད་རྒྱ་ཆེ་རུ་བཏང་ནས། ཉིན་དེ་རང་ལ་འདུན་ཞུ་བྱས་པ་ཉིན་དེ་རང་ལ་ཞིབ་བཤེར་གཏན་འཁེལ་བྱེད་ཀྱི་ཡོད། 2022ལོ་ཧྲིལ་པོར་མི་ཐེངས་4594ལ་གནས་སྐབས་རོགས་སྐྱོབ་བྱས་པ་དང་། རོགས་སྐྱོབ་མ་དངུལ་སྒོར་ཁྲི་650.85བཏང་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་དུས་ཐོག་ཏུ་རོགས་སྐྱོབ་བྱས་ཡོད།

    སྤུས་ཚད་མཐོ་པོས་སྤྱི་ཚོགས་ཀྱི་ཕན་བདེའི་བྱ་གཞག་ལ་སྐུལ་འདེད་བཏང་བ།

    ལྷོ་ཁ་གྲོང་ཁྱེར་གྱིས་ཕྱོགས་གཅིག་ནས་ཁྱིམ་སྡོད་དང་སྡེ་ཁུལ་རྒན་གསོའི་ཞབས་འདེགས་ཧུར་ཐག་ཞུས་པར་རྒྱལ་ཁབ་ཀྱི་2022ལོའི་ཁྱིམ་སྡོད་དང་སྡེ་ཁུལ་གྱི་གཞི་རྩའི་རྒན་གསོའི་ཞབས་ཞུ་མཐོར་གཏོང་བྱ་སྤྱོད་རྣམ་གྲངས་ཀྱི་ཚོད་ལྟའི་ས་ཁུལ་དུ་བདམས་པས། ཆ་རྐྱེན་འཛོམས་པའི་སྡེ་ཁུལ་དང་ཁྱིམ་ཚང་ལ་རྒན་གསོར་འཚམ་པའི་ཁྱིམ་སྡོད་སྒྱུར་བཀོད་བྱ་རྒྱུའི་སྐུལ་སྤེལ་བཏང་ཡོད། ཕྱོགས་གཞན་ཞིག་ནས་ཉིན་མོའི་ལྟ་རྟོག་ལྟེ་གནས་ཀྱི་ཁྲོམ་ར་ཅན་གྱི་འཁོར་སྐྱོད་ལ་སྔར་བས་སྐུལ་འདེད་བཏང་ནས། ཕྱོགས་གསུམ་པའི་སྒྲིག་གཞི་སྣེ་གདོང་ཆུས་དང་ལྷུན་རྩེ་རྫོང་སོགས་ལ་མཐིལ་རྟོགས་བརྟག་དཔྱད་བྱེད་པར་གདན་དྲངས་ཏེ། རྒན་རྒོན་གྱི་ཉིན་མོའི་ལྟ་རྟོག་ལྟེ་གནས་ཀྱི་ལས་གཉེར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རྒན་གསོའི་ཞབས་ཞུའི་ཆུ་ཚད་མཐོ་རུ་འགྲོ་བར་ཤུགས་སྣོན་བརྒྱབ་ཡོད།

    དེ་དང་ཆབས་ཅིག ལྷོ་ཁ་གྲོང་ཁྱེར་གྱིས་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་རང་མགོ་མི་ཐོན་པའི་རྒན་རྒོན་ལ་ཁ་གསབ་མ་དངུལ་སྤྲོད་པའི་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་ཏེ། 2022ལོར་རྒན་རྒོན་355ལ་ཁ་གསབ་མ་དངུལ་སྒོར་ཁྲི་21.3སྤྲད་པ་མ་ཟད། ཁྱིམ་སྡོད་རྒན་གསོ་དང་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་བཅས་གཅིག་སྡུད་བསྙེན་བཀུར་བྱ་ཡུལ་ལ་གཙོ་བོར་དམིགས་ནས། ཁོང་ཚོར“རྒན་གསོའི་ཁ་བསླུས་ལ་རྡུང་རྡེག་དང་བཅོས་སྒྲིག་བྱས་ནས། རྒན་རྒོན་གྱི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་བཞིན་སྲུང་སྐྱོང་བྱེད་པའི”སྤྱི་ཕན་བྱེད་སྒོ་གཏིང་ཟབ་སྤེལ་བས། རྒན་གསོའི“བདེ་འཇགས་ཚད་ཤིང”ནན་པོར་བསྲུངས་ནས་རྒན་རྒོན་ལ་ལྟ་རྟོག་དེ་བས་ལེགས་པ་བྱུང་ཡོད།

    ན་སོ་དར་ལ་མ་བབས་པའི་མིའི་ཁེ་དབང་འགན་སྲུང་ཐད། ལྷོ་ཁ་གྲོང་ཁྱེར་གྱིས་བྱིས་པའི་ཕན་བདེ་ཁང་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་དགེ་རྒན་དང་། ནད་གཡོག སྤྱི་ཚོགས་ཞབས་ཞུ་བ་སོགས་ཀྱི་ཆེད་ལས་དཔུང་ཁག་བཀོད་སྒྲིག་བྱས་ནས། དུས་རྟག་ཏུ་བྱིས་པ་དྭ་ཕྲུག་དང་དབང་པོ་སྐྱོན་ཅན་དང་། གཞིས་ལུས་བྱིས་པ། དཀའ་ངལ་ཡོད་པའི་བྱིས་པ་བཅས་ལ་འཚམས་འདྲི་དང་རོགས་སྐྱོར་གྱི་བྱེད་སྒོ་སྤེལ་ཞིང་། 2022ལོར་རིམ་རྩིས་བྱས་ན་བྱིས་པ་དྭ་ཕྲུག་336ལ་འཚོ་བའི་ཁ་གསབ་མ་དངུལ་སྒོར་ཁྲི་404.49སྤྲད་པ་དང་། དྭ་ཕྲུག་121ལ“རྒྱན་ཤོག་ལ་བརྟེན་ནས་བསམ་འདུན་འགྲུབ་པའི་སློབ་རོགས་འདུ་འགོད”ཀྱི་སློབ་ཞུགས་རོགས་དངུལ་སྒོར་ཁྲི་98.83སྤྲད་པ་དེས་བྱིས་པ་དྭ་ཕྲུག་དང་། དབང་པོ་སྐྱོན་ཅན། དཀའ་ངལ་ཡོད་པའི་བྱིས་པ་རྣམས་བདེ་ཐང་ངང་འཚར་ལོངས་ཡོང་བར་འགན་ལེན་ནུས་ལྡན་བྱས་ཡོད།

    སྤུས་ཚད་མཐོ་པོས་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་བ།

    རྫོང་སྒྱུར་གྲོང་འཛུགས་ཀྱི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་མཚོ་སྣ་རྫོང་དེ་མཚོ་སྣ་གྲོང་ཁྱེར་དུ་གྱུར་བ་དང་། མ་དངུལ་སྒོར་ཁྲི་500བཏང་ནས་ཤང་དང་གྲོང་རྡལ་གྱི་སྤྱི་ཚོགས་ལས་དོན་ས་ཚིགས་25བཙུགས་པ། གྲོང་ཁྱེར་རོགས་སྐྱོབ་དོ་དམ་ས་ཚིགས་ལ་རིམ་སྤོར་སྒྱུར་བཀོད་བྱས་པའི་ཐོག་ཚན་པ་མང་པོ་དང་མཉམ་དུ་ཁྲོམ་གཞུང་ལ་སྐོར་ཞིབ་བྱས་ནས་འཁྱམ་པོ་དང་སློང་མོ་བར་རོགས་སྐྱོབ་དང་ནང་ལ་ལོག་རྒྱུའི་ཁ་ཏ་བསླབ་བྱ་བྱས་ཏེ་རོགས་སྐྱོབ་འགྲོ་གྲོན་སྒོར་ཁྲི་2.9བཏང་ཡོད། གྲོང་ཁྱེར་ཡོངས་ཀྱི་དབང་པོ་སྐྱོན་ཅན་15033ལ“ཁ་གསབ་གཉིས”ཀྱི་མ་དངུལ་སྒོར་ཁྲི་4312.7སྤྲད་ཡོད།

    དམངས་སྲིད་ཀྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་ཆེད། ལྷོ་ཁ་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་ལྗོངས་ཕྱི་ནང་གི་རིགས་གཅིག་མཁས་ཅན་དང་། མཁས་དབང་། ཆེད་ལས་ཅན་གྱི་སྤྱི་ཚོགས་ལས་དོན་ཞབས་ཞུའི་ཁེ་ལས་བཅས་གདན་དྲངས་ནས“རྒན་རྒོན་གྱི་བཟའ་བཅའ་དང་འཚོ་བཅུད་ལེགས་སུ་གཏོང་བའི”ཆེད་དོན་འཆད་ཁྲིད་བྱས་པ་མ་ཟད། སྤྱི་ཚོགས་ལས་དོན་པའི་འཇོན་ཐང་མཐོར་གཏོང་གི་གསོ་སྦྱོང་འཛིན་གྲྭ་དང་། རྒན་གསོའི་ནད་གཡོག་པའི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་སོགས་སྤྱོད་གོ་ཆེ་བའི་ཤེས་བྱའི་རྩལ་ནུས་འཆད་ཁྲིད་དང་གསོ་སྦྱོང་བྱས་པར་ཕན་འབྲས་བཟང་པོ་ཐོན་ཡོད།

    གཉེན་སྒྲིག་ཐོ་འགོད་ལས་དོན་ཐད། ལྷོ་ཁ་གྲོང་ཁྱེར་གྱིས་གཉེན་སྒྲིག་ཐོ་འགོད་ཀྱི“སྐོར་སྐྱོད་ཞབས་ཞུའི”ལས་དོན་སྤེལ་ཞིང་། 2022ལོ་ཧྲིལ་པོར་བཟའ་ཚང་3643ལ་གཉེན་སྒྲིག་ཐོ་འགོད་ཀྱི་འགྲོ་ལུགས་གཉེར་བ་དང་། “5·20” སོགས་ཀྱི་དུས་ཚོད་འཆར་རིམ་བཞིན་ཆེད་བསྐོས་ལས་རེས་པ་བཀོད་སྒྲིག་བྱས་ནས་དམངས་ཕན་ཐོ་འགོད་ཀྱི་ཞབས་འདེགས་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།