དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་དུ་སྦྲག་སྲིད་དང་མྱུར་སྐྱེལ་མཉམ་ལས་བྱས་ནས་མྱུར་སྐྱེལ་གྲོང་ཚོར་ཁྱབ་པར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-19

    སྤོ་བོ་རྫོང་གི་གྲོང་ཚོ་མང་ཆེ་བ་ཁ་ཐོར་དུ་གནས་པར་བརྟེན་མྱུར་སྐྱེལ་གྲོང་ཚོར་ཁྱབ་པར་མ་གནས་མཐོ་པོ་ཟིན་གྱི་ཡོད་པ་གང་ཞིག་གྲོང་ཚོར་སྦྲག་སྲིད་མྱུར་སྐྱེལ་མ་གཏོགས་སླེབས་ཀྱི་མེད་པས། དེ་མིན་གྱི་མྱུར་སྐྱེལ་གཞན་དག་ལེན་པར་མང་ཚོགས་རྣམས་རྫོང་གྲོང་དུ་འགྲོ་དགོས་ཀྱི་ཡོད། དཀའ་གནད་དེ་སེལ་ཆེད་འདི་ལོ་ནས་བཟུང་སྤོ་བོ་རྫོང་གི་སྦྲག་སྲིད་ཀུང་སིས་མྱུར་སྐྱེལ་ཁེ་ལས་དང་གན་རྒྱ་བཞག་ནས། སྦྲག་སྲིད་དང་མྱུར་སྐྱེལ་མཉམ་ལས་བྱས་ཏེ་རང་མོས་དྲ་བ་བརྒྱུད་མྱུར་སྐྱེལ་གྲོང་ཚོར་ཁྱབ་པར་བྱས་ཡོད།

    “ང་ཚོས་འདྲི་ཞིབ་དང་བརྟག་ཞིབ་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར་སྦྲག་སྲིད་མྱུར་སྐྱེལ་གྱི་ཁྱབ་རྒྱ་ཆེ་བ་དང་མང་ཚོགས་ཀྱི་རྨང་གཞི་ཡག་པོ་ཡོད། མྱུར་སྐྱེལ་ཁེ་ལས་གཞན་དག་དང་འབྲེལ་གཏུག་མཐུན་སྦྱོར་བྱས་པ་བརྒྱུད་ཚང་མས་སྦྲག་སྲིད་དང་མྱུར་སྐྱེལ་གྱི་མཉམ་ལས་ཐབས་ལམ་ལ་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་འདུག་པས། མཐར་སྤོ་བོ་རྫོང་སྦྲག་སྲིད་ཅུས་ཀྱིས་རྫོང་གྲོང་ནས་ཤང་དང་གྲོང་ཚོ་ཁག་ལ་མྱུར་སྐྱེལ་རྩིས་སྤྲོད་ཀྱི་ལས་སྒོ་འགན་གཙང་བླངས་པ་རེད”ཅེས་སྤོ་བོ་རྫོང་ཚོང་དོན་ཅུས་ཀྱི་ཅུས་ཀྲང་ཝང་ཅིང་ལེའང་གིས་བཤད།

    བྲག་སྐས་ཤང་ནི་སྤོ་བོ་རྫོང་དང་བར་ཐག་རིང་ཤོས་ཀྱི་ཤང་ཞིག་རེད། སྐྱོད་ཐེངས་གཅིག་ལ་ལམ་ཐག་སྤྱི་ལེ་210ཟིན་གྱི་ཡོད་པ་དང་རླངས་འཁོར་བཏང་ཚེ་ཆུ་ཚོད་4ལྷག་ཙམ་འགོར་གྱི་ཡོད། “མྱུར་སྐྱེལ་གྲོང་ཚོར་སྐྱེལ་བའི”བྱེད་ཐབས་དེས་ས་གནས་དེ་གའི་མང་ཚོགས་ཀྱི་ཅ་དངོས་ལེན་དཀའ་བ་དང་བསྐུར་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པས་ཚང་མའི་གདེང་འཇོག་བཟང་པོ་ཐོབ་ཡོད། “ད་ཆ་ལ་ཀླུང་བརྒྱབ་ནས་རྫོང་དུ་མྱུར་སྐྱེལ་ལེན་པར་འགྲོ་དགོས་མེད་པས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་བྲག་སྐས་རྫོང་གི་ཡུལ་མི་ནོར་བུས་དགའ་སྤྲོའི་ངང་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།