དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གྲ་ནང་རྫོང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལ་སྐུལ་འདེད་གཏོང་བའི་ཉིན་མོའི་དང་བླངས་ཞབས་ཞུ་རབ་དང་རིམ་པ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-19

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་དང་བླངས་པས་གྲ་ཕྱི་ཤང་མོན་མཁར་རོང་གྲོང་ཚོར་བསྐྱོད་དེ། “ཇ་ཁང་ནང་ཏང་གི་བཀའ་དྲིན་གླེང་བ”དང“ངས་ཁྱེད་ལ་གྲངས་འཛིན་རྩལ་ནུས་སློབ”ཅེས་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། དང་བླངས་པ་ཚོས་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པ་དང་གོ་བདེ་ཞིང་ཤེས་སླའི་སྐད་ཆའི་ཐོག་ནས་ཕན་ཚུན་ཅི་འཕྲོས་མོལ་འཕྲོས་བྱེད་ཞོར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། མི་རིགས་མཐུན་སྒྲིལ་འཛུགས་གཏོད། “འདུ་ཤེས་གསུམ”སོགས་ཀྱི་ནང་དོན་གསལ་འགྲེལ་བྱས་ཏེ། མང་ཚོགས་ཀྱིས་ཉན་འདོད་པ་དང་། གོ་ཐུབ་པ། ཁྱབ་སྤེལ་ཐུབ་པ་བཅས་ཀྱི་སྒྲོག་འགྲེལ་ཕན་འབྲས་ཐོན་པ་མ་ཟད། ཞིང་འབྲོག་མང་ཚོགས་ཀྱི་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བའི་ཡིད་ཆེས་དང་ཆོད་སེམས་དེ་བས་བརྟན་དུ་བཏང་ཡོད། དང་བླངས་པ་ཚོས་ད་དུང་རྒན་རྒོན་ཚོར་རིག་ནུས་ལག་ཐོགས་ཁ་པར་སྤྱོད་སྟངས་བསླབས་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་དྲ་རྒྱའི་འཕྲིན་གཏོང་སྐོར་གྱི“བཀག་རྒྱ་ཉི་ཤུ”དང་། རྒན་གསོའི་ཁ་བསླུས་ལ་དོགས་ཟོན་བྱེད་པའི་སྐོར་གྱི་ལག་དེབ་དང“འཆལ་རྡུང་ལོག་སེལ”གྱི་དྲིལ་བསྒྲགས་བརྡ་ཁྱབ་བཅས་སྤྲད་པ་རེད། མཇུག་ཏུ་དང་བླངས་པ་ཚོས་ཁོར་ཡུག་འཕྲོད་བསྟེན་གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ནས་རིག་གནས་ཐང་ཆེན་དང་དེའི་ཉེ་འཁོར་གྱི་གད་སྙིགས་གཙང་མ་འཕྱགས་ཏེ། ཚུལ་མིན་བྱེད་སྤྱོད་སྣ་ཚོགས་བཅོས་སྒྲིག་ནུས་ལྡན་བྱས་པ་དང་འབྲེལ་རྒྱ་ཆེའི་མང་ཚོགས་ལ་རང་ཉིད་ནས་འགོ་བཙུགས་པ་དང་བྱ་བ་ཆུང་ཙག་ནས་འགོ་བཙུགས་ཏེ་ཁོངས་གཏོགས་ཁུལ་གྱི་རྣམ་པ་མཛེས་སུ་གཏོང་བ་དང་གྲོང་ཁྱེར་གྱི་ཤེས་དཔལ་བཟང་པོ་གཏོད་པར་ནུས་པ་གང་ཡོད་འདོན་དགོས་པའི་འབོད་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།