དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་བརྗོད་དོན།

    ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ཡང་དག་པའི་འགྲོ་ལམ་དུ་བསྐྱོད་ཡོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-07-19

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ《ཨེ་ཤེ་ཡ་ཤར་ལྷོའི་མཛའ་གྲོགས་མཉམ་ལས་ཆིངས་ཡིག》ནང་ཞུགས་ནས་ལོ་20འཁོར་བའི་སྐོར་ལ། ཚེས་17ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་ལོ་20ཡི་རིང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ཆིངས་ཡིག་གི་དགོངས་དོན་མཐའ་འཁྱོངས་ཀྱིས་གཉིས་ཁེ་མཉམ་ལས་ཕྱོགས་ཡོངས་ནས་རྒྱ་ཆེར་བཏང་སྟེ། ཡུན་རིང་གི་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གྱི་ཡང་དག་པའི་འགྲོ་ལམ་ཞིག་ཏུ་བསྐྱོད་པ་མ་ཟད། རྒྱལ་ཁབ་གཞན་དག་སྔ་རྗེས་སུ་དེའི་ནང་ཞུགས་རྒྱུར་སྐུལ་ཁྲིད་ཀྱང་བྱས་ཡོད་ཅེས་བརྗོད་པ་རེད།

    དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པས། ཟླ་7ཚེས་13ཉིན་འཚོགས་པའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུའི་ཐོག་ཀྲུང་གོ《ཨེ་ཤེ་ཡ་ཤར་ལྷོའི་མཛའ་གྲོགས་མཉམ་ལས་ཆིངས་ཡིག》ནང་ཞུགས་ནས་ལོ་20འཁོར་བར་དྲན་གསོ་ཞུ་བའི་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་གདེང་འཇོག་གང་འདྲ་བྱེད་རྩིས་ཡོད་དམ་ཞེས་དྲིས།

    མའོ་ཉིང་གིས། 2003ལོར་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཐུན་མོང་ཐོག་ཀྲུང་གོས་སྔོན་ལ《ཨེ་ཤེ་ཡ་ཤར་ལྷོའི་མཛའ་གྲོགས་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ཞུགས་པའི་དཔང་པོ་བྱས་པ་དང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་འབྲེལ་བའི་དུས་མཚམས་གསར་པ་བཏོད་ཡོད། ཀྲུང་གོས་ཆིངས་ཡིག་ནང་ཨང་དང་པོ་ཞུགས་པ་དེ་ཐོག་ནས་རྒྱལ་ཁབ་ཆེ་ཆུང་ཚང་མ་འདྲ་མཉམ་ཡིན་པའི་ཕྱི་འབྲེལ་གྱི་སྲོལ་རྒྱུན་མཐའ་འཁྱོངས་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་འཕེལ་རྒྱས་སྟོབས་ཆེར་འགྲོ་རྒྱུར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ། དེ་བཞིན་མཐའ་འཁོར་དུ་ལག་ལེན་བསྟར་བའི་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་སྲིད་ཇུས་བཅས་མཚོན་ཡོད་ཅེས་བརྗོད་པ་རེད།

    མའོ་ཉིང་གིས། མིག་སྔའི་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་ཆེ་བའི་རྒྱབ་ལྗོངས་འོག ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུའི་ཐོག་གོང་གསལ་གྱི་མཉམ་འབྲེལ་གསལ་བསྒྲགས་སྤེལ་བ་དེས་ཆིངས་ཡིག་གི་དམིགས་ཡུལ་དང་རྩ་དོན་ཐུན་མོང་ཐོག་དར་སྤེལ་གཏོང་བ་དང་། ཨེ་ཤེ་ཡའི་བྱེད་སྟངས་དང་ཨེ་ཤེ་ཡའི་བློ་གྲོས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ཕྱོགས་མང་རིང་ལུགས་དངོས་ལག་ལེན་བསྟར་བ། ས་ཁུལ་གྱི་སྒྲིག་སྲོལ་དང་སྒྲིག་ལམ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ་བཅས་ལ་ཕན་ཐོགས་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།