དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་མཚོ་དམག་གི“ཞི་བདེའི་གྲུ་ཆེན”རྟགས་ཅན་སྨན་ཁང་གྲུ་གཟིངས་ཀྱིས་ཁེ་རི་པ་སིར་འཚམས་འདྲི་ཐེངས་དང་པོ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-07-19

     འདི་ནི་ཟླ་7ཚེས་15ཉིན། ཀྲུང་གོའི་མཚོ་དམག་གི“ཞི་བདེའི་གྲུ་ཆེན”རྟགས་ཅན་སྨན་ཁང་གྲུ་གཟིངས་ཁེ་རི་པ་སིའི་ཐ་ར་བ་གྲུ་ཁར་འབྱོར་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཐ་ར་བ་ནས་ཟླ་7ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན“ཞི་མཐུན་ལས་འགན-2023”ཞེས་པའི་ལས་འགན་སྒྲུབ་བཞིན་པའི་ཀྲུང་གོའི་མཚོ་དམག་གི“ཞི་བདེའི་གྲུ་ཆེན”རྟགས་ཅན་སྨན་ཁང་གྲུ་གཟིངས་ཁེ་རི་པ་སིའི་རྒྱལ་ས་ཐ་ར་བ་རུ་འབྱོར་ཏེ། ཁེ་རི་པ་སིར་དུས་ཡུན་ཉིན་7གྱི་མཛའ་གྲོགས་འཚམས་འདྲི་དང་སྨན་བཅོས་ཞབས་ཞུ་བྱེད་འགོ་ཚུགས་པ་རེད།

    དེ་ནི“ཞི་བདེའི་གྲུ་ཆེན”རྟགས་ཅན་སྨན་ཁང་གྲུ་གཟིངས་ཀྱིས་ཁེ་རི་པ་སིར་འཚམས་འདྲི་བྱེད་ཐེངས་དང་པོ་རེད་ལ། ཀྲུང་གོའི་མཚོ་དམག་གི་དམག་གྲུ་ཁེ་རི་པ་སིར་འཚམས་འདྲིར་སྐྱོད་ཐེངས་དང་པོའང་རེད།

    དུས་ཡུན་ཉིན་7གྱི་སྨན་བཅོས་ཞབས་ཞུའི་ཁྲོད“ཞི་བདེའི་གྲུ་ཆེན”རྟགས་ཅན་སྨན་ཁང་གྲུ་གཟིངས་ཀྱིས་སྨན་པ་བསྟན་པར་ཡོང་མཁན་ནད་པར་སྨན་བཅོས་བྱེད་པ་དང་། སྨན་བཅོས་ཉིང་ལག་རུ་ཁག་མང་པོ་ཞིག་ཁེ་རི་པ་སིའི་ཀྲུང་དབྱང་སྨན་ཁང་དང་། རྒན་རྒོན་མཐུན་ཚོགས། སྡེ་ཁུལ་བཅས་སུ་སྐོར་སྐྱོད་སྨན་བཅོས་བྱེད་པར་གཏོང་རྒྱུ་མ་ཟད། ད་དུང་ཁེ་རི་པ་སི་ཀྲུང་དབྱང་སྨན་ཁང་གི་སྨན་དོན་མི་སྣ་སྨན་ཁང་གྲུ་གཟིངས་ཀྱི་ལས་སྟེགས་གཙོ་བོར་མཉམ་དུ་སྨན་བཅོས་ཞབས་འདེགས་ཞུ་བར་གདན་འདྲེན་རྒྱུ། དེ་བཞིན་ཕྱི་རྒྱལ་ལ་རོགས་སྐྱོར་གྱི་ལས་འགན་སྒྲུབ་བཞིན་པའི་ཀྲུང་གོའི་ཁེ་རི་པ་སིར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་ཁག་གཉིས་པས་འབྲེལ་ཡོད་ཀྱི་གཞོགས་འདེགས་སྨན་བཅོས་ཞབས་ཞུའི་ལས་དོན་སྤེལ་རྒྱུ་བཅས་རེད།

    འཚམས་འདྲི་བྱེད་རིང“ཞི་བདེའི་གྲུ་ཆེན”རྟགས་ཅན་སྨན་ཁང་གྲུ་གཟིངས་ཀྱིས་ད་དུང་ས་གནས་དེ་གར་བདེ་ཐང་སྐོར་གྱི་དྲིལ་བསྒྲགས་སློབ་གསོ་དང་རིག་གནས་མཛའ་འབྲེལ་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།