དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་མཚོ་དམག་གི་སྲུང་སྐྱེལ་དཔུང་རུ་ཁག་43པ་ཁོང་ཀོ(པུའུ)རུ་འབྱོར་ནས་མཛའ་གྲོགས་འཚམས་འདྲི་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-07-19

    ཚེས་14ཉིན་ཀྲུང་གོའི་མཚོ་དམག་གི་སྲུང་སྐྱེལ་དཔུང་རུ་ཁག་43པ་ཁོང་ཀོ(པུའུ)ཡི་ཧེ་ཅའོ་གྲུ་ཁར་འབྱོར་ནས་ཁོང་ཀོ(པུའུ)རུ་དུས་ཡུན་ཉིན་4ཡི་མཛའ་གྲོགས་འཚམས་འདྲི་བྱེད་འགོ་ཚུགས་པ་རེད། ས་གནས་དེ་གའི་དུས་ཚོད་སྔ་དྲོའི་ཆུ་ཚོད་10པ་ཙམ་ལ་ཀྲུང་ཁོང་རྒྱལ་ཁབ་གཉིས་པོའི་རྒྱལ་དར་བཀལ་བའི་དཔུང་རུའི་དམག་གྲུ་ཧེ་ཅའོ་གྲུ་ཁར་དལ་གྱིས་བཅར་བ་དང་། ཁོང་ཀོ(པུའུ)རུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་མཱ་ཧྥུའུ་ལིན་དང་གཞུང་ཚབ་ཁང་གི་ལས་དོན་མི་སྣ་དང་། ས་གནས་དེ་གའི་ཀྲུང་གོའི་མ་འཇོག་སྒྲིག་གཞིའི་མི་སྣ། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་འཐུས་ཚབ། དེ་བཞིན་ཁོང་ཀོ(པུའུ)ཡི་རྒྱལ་སྲུང་པུའུ་ཀྲང་མོང་ཆའོ་དང་དཔོན་དམག་གི་འཐུས་ཚབ་སོགས་མི་500ལྷག་ཙམ་གྲུ་ཁར་བསུ་བ་ཞུ་བར་ཡོང་བ་རེད།

    དེ་གོང་སྲུང་སྐྱེལ་དཔུང་རུས་སྔ་རྗེས་སུ་ཁོ་ཐེ་ཏི་ཝོར་དང་། ཀག་ན། ནི་ཀྲེ་རི་ཡ། ཀ་པོན་བཅས་སུ་འཚམས་འདྲི་བྱས་པ་རེད།

    འདི་ནི་ཟླ་7ཚེས་14ཉིན་ཁོང་ཀོ(པུའུ)ཡི་ཧེ་ཅའོ་གྲུ་ཁར་ཀྲུང་གོའི་མཚོ་དམག་གི་སྲུང་སྐྱེལ་དཔུང་རུ་ཁག་43པའི་དཔོན་དམག་གིས་གྲུ་ཁར་བསུ་བ་ཞུ་མཁན་ལ་ལག་པ་གཡུག་གཡུག་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།