དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ནེ་པ་ལའི་སྔོ་གཟན་གསོག་ཉར་ཁག་དང་པོ་ཀྲུང་གོར་ཕྱིར་གཏོང་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-07-19

    ཤིན་ཧྭ་གསར་འགྱུར་ཁང་ནེ་པ་ལའི་གྲོང་ཁྱེར་ཕོ་ལེ་ཏེ་པུར་ནས་ཟླ་7ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ནེ་པ་ལའི་སྔོ་གཟན་གསོག་ཉར་ཁག་དང་པོ་ཏུན་80བླུགས་པའི་ལྗིད་ཐེག་རླངས་འཁོར་བཅུ་ཚེས་15ཉིན་ནེ་པ་ལའི་ལྷོ་རྒྱུད་གྲོང་ཁྱེར་ཕོ་ལེ་ཏེ་པུར་ནས་ཀྲུང་གོའི་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་དུ་ཕྱིར་གཏོང་བྱས་པ་རེད།

    ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲེན་སུང་གིས་སྔོ་གཟན་གསོག་ཉར་དབོར་འགོ་ཚུགས་པའི་མཛད་སྒོའི་ཐོག་ཤིས་ཚིག་སྒྲོན་སྐབས། ཀྲུང་གོར་ནེ་པ་ལའི་སྔོ་གཟན་གསོག་ཉར་ཕྱིར་གཏོང་བྱེད་པ་ནི་རྒྱལ་ཁབ་གཉིས་པོས་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཉམ་ལས་བྱས་པའི་འབྲས་བུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ནེ་པ་ལ་དང་ཞིང་ལས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ནེ་པ་ལའི་དེང་རབས་ཞིང་ལས་ཚན་རྩལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཐོག་ཞིང་ལས་ཐོན་རྫས་སྤུས་ལེགས་སྔར་ལས་མང་བ་ཐོན་སྐྱེད་བྱས་ནས་ནེ་པ་ལའི་རྒྱལ་ནང་གི་དགོས་མཁོ་སྐོང་བ་དང་ཆབས་ཅིག་འཛམ་གླིང་ཡོངས་ལ་ཕྱིར་གཏོང་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།