དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་བཅར་འདྲིར་བསྐྱོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-07-19

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་7ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཉི་གཞོན་དལ་གྱིས་ཤར་བ་དང་བསྟུན་ནས་འབྲི་ཆུའི་ཆུ་འགོ་དང་མཚོ་སྔོན་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མགོ་ཁྲ་སོགས་ཀྱི་སྐད་སྒྲ་ཡང་ཡང་གྲགས། ནམ་ལངས་མ་ཐག་བྱ་མང་པོ་འཕུར་ལྡིང་བྱེད་སྒང་ཡིན་པས་ལྟ་ཞིབ་ཚད་ལེན་གྱི་གོ་སྐབས་བཟང་པོ་ཞིག་རེད། ལོ་58ལ་སླེབས་པའི་སྐྱེ་ཁམས་བདག་སྐྱོང་བ་འཇམ་དབྱངས་ཚེ་རིང་གིས་སྦག་སྦག་བཞོན་ནས་ཉིན་གཅིག་གི་སྐོར་གཡེང་ལས་ལ་གཞོལ་འགོ་ཚུགས།

    མཚོ་སྔོན་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡུལ་ཤུལ་གྲོང་ཁྱེར་རོང་པོ་གྲོང་རྡལ་དུ་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4200ལྷག་ཙམ་ཟིན་ཞིང་། དེ་ནི་རང་རྒྱལ་གྱིས་བསྐྲུན་པའི་ཁྲུང་ཁྲུང་སྐེ་ནག་དང་དེའི་རྒྱུད་སྤེལ་སྲུང་སྐྱོང་ཁུལ་དང་པོ་ཡིན་པ་རེད།

    རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ས་ཚིགས་ཀྱི་ཀྲན་ཀྲང་གཞོན་པ་འཇམ་དབྱངས་རྒྱལ་མཚན་གྱིས་ངོ་སྤྲོད་བྱས་དོན། འདམ་རའི་བདག་སྐྱོང་བའི་ལམ་ལུགས་དང་སྲུང་སྐྱོང་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་བ་དང་ཆབས་ཅིག ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་སྲུང་སྐྱོང་ཁུལ་བཙུགས་མ་ཐག་པའི་བཅུ་གྲངས་ཁ་ཤས་ནས་200ལྷག་ཙམ་བར་མང་དུ་ཕྱིན་ཡོད། ཁྲུང་ཁྲུང་མགོ་ཁྲ་དང་ངང་སེར་སོགས་འདབ་ཆགས་རིགས་གཞན་གྱི་གྲངས་འབོར་ཡང་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།