དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས“གསལ་ཐོ་གསུམ”བཟོས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་དང་ཕན་འབྲས་ཆེ་རུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-07-19

    ཉེ་ཆར་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གིས་མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུའུ་དང་། མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་། མཚོ་སྔོན་ཞིང་ཆེན་གྲོང་གསེབ་དར་རྒྱས་ཅུས་བཅས་དང་མཉམ་དུ《གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱིས་ཁྲིམས་ལྟར་འགན་འཁྲི་ལག་ལེན་བསྟར་བའི་ལས་ཀའི་དོན་ཚན་གྱི་གསལ་ཐོ》དང་། 《གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱིས་ཁྲིམས་ལྟར་སྲིད་གཞུང་གི་ལས་ཀའི་དོན་ཚན་ལ་གཞོགས་འདེགས་བྱེད་པའི་གསལ་ཐོ》 《གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ཁུར་པོ་ཡང་དུ་གཏོང་བའི་དོན་ཚན་གྱི་གསལ་ཐོ》བཅས“གསལ་ཐོ་གསུམ”བཟོས་ནས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ཁུར་པོ་ཡང་དུ་དང་ཕན་འབྲས་ཆེ་རུ་བཏང་བ་མ་ཟད། གཞི་རིམ་ལས་བྱེད་པའི་སེམས་ཀྱི་ཁུར་པོ་ཡང་དུ་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིཌ་ན། “གསལ་ཐོ་གསུམ”གྱིས“ཉུང་འཕྲི་བྱེད་དགོས་རིགས་ཉུང་འཕྲི་དང་། ཟླ་སྒྲིལ་གཏོང་ཐུབ་རིགས་ཟླ་སྒྲིལ། འཕྲི་འཐེན་བྱེད་དགོས་རིགས་འཕྲི་འཐེན”བཅས་ཀྱི་རྩ་དོན་གཞིར་བཟུང་། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱིས་ཁྲིམས་ལྟར་འགན་འཁྲི་ལག་ལེན་བསྟར་བའི་ལས་ཀའི་དོན་ཚན་44དང་། ཁྲིམས་ལྟར་སྲིད་གཞུང་གི་ལས་དོན་ལ་གཞོགས་འདེགས་བྱེད་པའི་ལས་ཀའི་དོན་ཚན་24 དེ་བཞིན་ཁུར་པོ་ཡང་དུ་གཏོང་བའི་དོན་ཚན་11བཅས་གསལ་པོ་བཏོན་པ་དང་ཆབས་ཅིག ཏང་སྲིད་སྡེ་ཚན་དང་མང་ཚོགས་རྩ་འཛུགས་དང་གྲོང་ཚོ་རིམ་པའི་རྩ་འཛུགས་དབར་གྱི་འགན་འཁྲིའི་དབྱེ་མཚམས་གསལ་པོ་བཟོས་ནས། ཁྲིམས་ལྟར་སྲིད་གཞུང་སྡེ་ཚན་གྱིས་ལག་ལེན་བསྟར་དགོས་པའི་ཁྲིམས་གཏན་འཁེལ་བའི་འགན་འཁྲི་ཡིན་ན་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱིས་འགན་འཁུར་དགོས་པའི་བླང་བྱ་འདོན་མི་ཆོག་པ་དང་། གྲོང་ཚོ་རིམ་པའི་རྩ་འཛུགས་ལ་སྲིད་འཛིན་ཁྲིམས་འཛིན་རིགས་ཀྱི་བྱེད་པོའི་འགན་འཁྲི་འཁུར་དུ་འཇུག་མི་རུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།