དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་གྱི་རྐང་འཁོར་འགྲན་བསྡུར་སྐབས་ཉེར་གཉིས་པའི་མཇུག་བསྡུའི་འགྲན་བསྡུར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-07-18

    2023ལོའི“ཀྲུང་གོའི་ལུས་རྩལ་རྒྱན་ཤོག”གི་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་གྱི་རྐང་འཁོར་འགྲན་བསྡུར་སྐབས་ཉེར་གཉིས་པའི་མཇུག་བསྡུའི་འགྲན་བསྡུར་བྱས་ཤིང་། བདམས་ཐོན་པ་109ཡིས་གསེར་ཆེན་རྫོང་ནས་ཚ་མཚོའི་བར་འགྲན་བསྡུར་བྱས་པ་དང་། ལམ་ཚད་སྤྱི་ལེ་200ཡོད་ཅིང་དེའི་ནང་གྱེན་ལ་འཛེག་ས་གཅིག་དང་མཐའ་མའི་གདོང་མཆོང་བྱེད་ས་གསུམ་ཡོད་པ་སྟེ། གྱེན་ལ་འཛེག་སའི་འགྲན་ལམ་དེ་སྤྱི་ལེ་37.24ཡི་སར་ཡོད་པ་དང་ས་བབ་མཐོ་ཚད་སྨི་3206ཟིན་པ་མ་ཟད། རིམ་པ་བཞི་པའི་གྱེན་འཛེག་ཅིག་ཡིན་པ་རེད།

    ཉིན་བརྒྱད་འགྲན་བསྡུར་བྱས་པ་བརྒྱུད་མཐར་དབྱི་ཐ་ལིའི་པཱ་ཏེ་ཡ་ཉིའི་རྐང་འཁོར་རུ་ཁག་གི་བདམས་ཐོན་པ་ཨང་81པ་མུ་ལུ་པུའུ་ལན་ལ་ཨང་དང་པོ་ཐོབ་ཡོད། དེ་དང་དུས་མཚུངས་ཁོང་ལ་མཐའ་མའི་གདོང་མཆོང་གི་སྐར་གསོག་སྒྲོམ་བུའི་ཐོག་གི་གྲུབ་འབྲས་ཡག་ཤོས་ཐོབ་ཡོད། དབྱི་ཐ་ལའི་པཱ་ཏེ་ཡ་ཉིའི་རྐང་འཁོར་རུ་ཁག་གི་བདམས་ཐོན་པ་ཨང་84པ་ཉི་ཨེ་ལི་ཡིས་གྱེན་འཛེག་གི་ཨང་དང་པོ་ཐོབ་པ་དང་། མཚོ་སྔོན་ཐེན་ཡུའོ་ཏེ་ཀྲོའུ་ཅིའི་རྐང་འཁོར་རུ་ཁག་གི་བདམས་ཐོན་པ་ཨང་215པ་སི་དབྱི་ཏེ་ལ་ཨེ་ཤེ་ཡའི་བདམས་ཐོན་པ་ཡག་ཤོས་ཀྱི་གྲུབ་འབྲས་ཐོབ་པ་རེད།

    མཇུག་བསྡུའི་འགྲན་བསྡུར་གྱི་མཐའ་མའི་འགྲན་བསྡུར་ནང་པེར་ཀྲེམ་གྱི་ཐཱ་ཏེ་ལེ་ཐོ-ཨེ་སོའུ་ལེ་སིའི་རྐང་འཁོར་རུ་ཁག་གི་བདམས་ཐོན་པ་ཨང་172པ་ཏུའུ་པང་ལ་ཨང་དང་པོ་ཐོབ་པ་དང་། ཁོ་ལོམ་པི་ཡའི་མེ་ཏེ་ལིན་རྐང་འཁོར་རུ་ཁག་གི་བདམས་ཐོན་པ་ཨང་197པ་ཨོ་ཁན་པོ·ཅི་ལཱར་ཏོ་ལ་ཨང་གཉིས་པ་ཐོབ་པ། ནེའུ་ཙི་ལན་གྱི་ཧའེ་ཧྥུའུ་ཐའོ་རྐང་འཁོར་རུ་ཁག་གི་བདམས་ཐོན་པ་ཨང་44པ་ཆི་ཝེར་ལ་ཨང་གསུམ་པ་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།