དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཅང་སུའུ་ཆི་ཏུང་གི་ལུའེ་སི་གྲུ་ཁ་དང་པོ་ནས་རླུང་གློག་སྒྲིག་ཆས་ཆ་ཚང་ཕྱིར་གཏོང་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-07-18

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཕྱིར་གཏོང་བྱས་པའི་རླུང་གློག་སྒྲིག་ཆས་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་8.9ཙམ་ཟིན་པ་དང་། ལྗིད་ཚད་ཏུན་8340ལྷག་ཙམ་ཟིན་པ། ལྷུ་ལག་རྐྱང་པའི་ལྗིད་ཚད་ཏུན་140ཟིན་གྱི་ཡོད་པ་རེད། དེ་ནི་ཆི་ཏུང་ལུའེ་སི་གྲུ་ཁ་དང་པོའི“2+2”ཀུན་སྤྱོད་གྲུ་ཁ་སྤྱོད་འགོ་ཚུགས་པ་ནས་བཟུང་། རླུང་གློག་སྒྲིག་ཆས་ཆ་ཚང་ཕྱིར་གཏོང་བྱེད་ཐེངས་ཐོག་མ་ཡིན་པ་དང་། ཀུན་སྤྱོད་གྲུ་ཁས“སྤྱོད་འགོ་ཚུགས་མ་ཐག་བྲེལ་འཚུབ་ཆེ་བའི”རྣམ་པ་རྒྱུན་མཐུད་བཏོད་དེ་རླུང་གློག་སྒྲིག་ཆས་ཆ་ཚང་ཕྱིར་གཏོང་བྱེད་ཚད་རིམ་བཞིན་མང་དུ་ཕྱིན་པ་ལས། ལུའེ་སི་གྲུ་ཁ་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་རླུང་གློག་སྒྲིག་ཆས་ཆ་ཚང་ཕྱིར་གཏོང་གི་རྟེན་གཞི་གསར་པ་ཞིག་ཏུ་གྱུར་པ་མཚོན་གྱི་ཡོད། འདི་ནི་2023ལོའི་ཟླ་7ཚེས་14ཉིན། རླུང་གློག་སྒྲིག་ཆས་ཆ་ཚང་12བླུགས་པའི་གོ་ལ་ཧྲིལ་པོའི་སྤྱོད་མཁོ་ཆེ་ཤོས་ཀྱི་ལྗིད་འདེགས་གྲུ་གཟིངས“མིང་ཤིང”གྲུ་གཟིངས་ཅང་སུའུ་ནན་ཐུང་ཐུང་ཀྲོའུ་མཚོ་ཁུག་ལུའེ་སི་གྲུ་ཁ་དང་པོའི“2+2”ཀུན་སྤྱོད་གྲུ་ཁ་ནས་ཆི་ལིར་གཏོང་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།